དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མཐོང་ཐུབ་པའི་བོད་ལྗོངས། དུས་རབས་གསར་པ་དང་འཕེལ་རྒྱས་གསར་པའི”གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུ་ཀ་ཏ་མན་རྡུར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-22

    ཟླ་8ཚེས་19ཉིན།“མཐོང་ཐུབ་པའི་བོད་ལྗོངས། དུས་རབས་གསར་པ་དང་། འཕེལ་རྒྱས་གསར་པའི”གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཅང་ཅན་གོ་དང་། ནེ་པ་ལའི་རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་ཨུ་ལྷན་གྱི་ཀྲུའུ་ཞི་ཐུའོ་ཕུའུ·པ་ཧ་ཏུར·མ་ཅར། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་མའོ་མིང་སོགས་ཕེབས་ནས་ཤིས་ཚིག་གསུངས་པ་རེད།

    ད་ཐེངས་ཀྱི་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུའི་ཐོག་བོད་ཀྱི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་གཞི་ཚུགས་པ་དང“མཛེས་མཐུན་བོད་ལྗོངས”དང་། “གསོན་ཤུགས་རྒྱས་པའི་བོད་ལྗོངས” “ལྗང་མདོག་བོད་ལྗོངས”“སྒོ་དབྱེའི་བོད་ལྗོངས”བཅས་གཏམ་རྒྱུད་ཚན་པ་བཞི་བཀོད་སྒྲིག་བྱས་ཡོད། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་མཁས་དབང་དང་དེ་བཞིན་ནེ་པ་ལའི་འཁྲབ་སྟོན་ལས་རིགས་ཀྱི་མི་སྣ་དང་གསར་འགྱུར་སློབ་གསོའི་ལས་དོན་པ་སོགས་ཀྱིས་མི་སེམས་འགུལ་བའི་གཏམ་རྒྱུད་དང་གསོན་ཉམས་དོད་པའི་པར་རིས་བརྒྱུད་ས་ཡུལ་དངོས་ཀྱི་ལྟད་མོ་བར་དོན་དངོས་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་བོད་ལྗོངས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།