དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོར་ཕྱིར་གཏོང”གི་ཨེ་ཅིབ་ཀྱི་ཆེད་དོན་བྱེད་སྒོ་ཁེ་རོར་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-22

    “ཀྲུང་གོར་ཕྱིར་གཏོང”གི་ཨེ་ཅིབ་ཀྱི་ཆེད་དོན་བྱེད་སྒོ་ཚེས་17ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་སྤེལ་བ་རེད། ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་བྱེད་སྒོའི་ཐོག་ཚོང་དོན་གྲོས་མཐུན་མང་པོ་བཞག་པར་གན་འཇོག་མ་དངུལ་ཨ་སྒོར་དུང་ཕྱུར་1.7ཙམ་ཟིན་ཡོད།

    ཨེ་ཅིབ་ཀྱི་མ་འཇོག་དང་ཕྱི་ཕྱོགས་ཚོང་དོན་པུའི་ཨེ་ཤེ་ཡ་སིའི་སི་ཀྲང་སའེ་དབྱི་ཏེ·ཧྥུའུ་ཨ་ཏེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཏུ“ཀྲུང་གོར་ཕྱིར་གཏོང”གི་ཆེད་དོན་བྱེད་སྒོ་སྤེལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དེ་བས་ཡུན་རིང་བྱས་ཏེ། དཔལ་འབྱོར་དང་ཚོང་དོན་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་ཚོང་དོན་འབྲེལ་བ་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    ད་ཐེངས་ཀྱི“ཀྲུང་གོར་ཕྱིར་གཏོང”གི་ཨེ་ཅིབ་ཀྱི་ཆེད་དོན་བྱེད་སྒོ་དེ་ཀྲུང་གོ་ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལས་དོན་ཅུས་དང་ཨེ་ཅིབ་ཕྱིར་གཏོང་ཚོང་པའི་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། རྒྱལ་ཁབ་གཉིས་པོའི་སྲིད་ཚོང་ལས་རིགས་ཀྱི་འཐུས་མི་དང་ཁེ་ལས་མཁས་ཅན་170ཙམ་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།