དབྱར་གསེང་གི་ཆུར་ལྷུངས་སྔོན་འགོག་གི་བདེ་འཇགས་སློབ་གསོ་སྡེ་ཁུལ་དུ་སྤེལ་བ།

དབྱར་གསེང་རིང་། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཐན་ཁྲེང་རྫོང་མེ་གསོད་རོགས་སྐྱོབ་ཅུས་ཀྱི་མེ་གསོད་རོགས་སྐྱོབ་མི་སྣ་ཐན་ཁྲེང་ཁྲོམ་གཞུང་ཆོན་གཡོད་སྡེ་ཁུལ་དུ་ཡོང་ནས། ཏང་ཡོན་དང་བླངས་པ་དང་མཉམ་དུ་གཞོན་ནུ་ལོ་ཆུང་གི་དབྱར་གསེང་རིང་གི་ཆུར་ལྷུངས་སྔོན་འགོག་གི་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། དབྱར་གསེང་རིང་གི་ལོ་ཆུང་བྱིས་པའི་བདེ་འཇགས་འགན་ལེན་བྱས་ཤིང་། འདི་ནི་ཟླ་8ཚེས་17ཉིན། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཐན་ཁྲེང་རྫོང་ཐན་ཁྲེང་ཁྲོམ་གཞུང་ཆོན་གཡོད་སྡེ་ཁུལ་དུ་མེ་གསོད་རོགས་སྐྱོབ་པས་ཏང་ཡོན་དང་བླངས་པ་དང་མཉམ་དུ་ཕྲུ་གུ་ཚོར་ཆུར་ལྷུངས་སྔོན་འགོག་གི་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།