དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་འཕྲུལ་ཆས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཁག་གི་འཕར་ཐང་6.4%འཕར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-21

    གསར་འགོད་པར་ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཁག་གི་འཕར་ཐང་དུས་མཚུངས་ལས་6.4%འཕར་བ་དང་། ལྷག་པར་དུ་ཟླ་དྲུག་པར་དམིཌ་ཚད་འཕར་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཏེ་ལས་རིགས་ཁག་ནས་ཕྱོགས་ཡོངས་ནས་འཕར་བའི་རྣམ་པ་མངོན་ཡོད།

    ལོ་སྟོད་དུ་འཕྲུལ་ཆས་བཟོ་ལས་ཕྱིར་གཏོང་ཡག་པོ་ཡོད་ཅིང་། འཕྲུལ་ཆས་བཟོ་ལས་ཀྱིས་དངོས་ཟོག་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་5593.3ཟིན་ནས་དུས་མཚུངས་ལས་20%འཕར་ཡོད། རྒྱལ་སྤྱིའི་ཁྲོམ་ར་སྣ་མང་ཅན་གྱི་བཀོད་པ་དེ་བས་དོ་སྙོམས་སུ་ཕྱིན་ནས་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་རྫས་ཕྱིར་གཏོང་གི་བསྡུར་ཚད་མཐོ་རུ་མུ་མཐུད་འགྲོ་བཞིན་ཡོད་པ་རེད།

    འཕྲུལ་ཆས་བཟོ་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཡག་པོ་ཡོད་ཅིང་། རིག་ནུས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་16.7%འཕར་ནས་3Dཔར་འདེབས་སྒྲིག་ཆས་དང་། བཟོ་ལས་འཕྲུལ་མི། བཟོ་ལས་རང་འགུལ་སྙོམས་སྒྲིག་དཔྱད་ཆས་དང་ཚོད་འཛིན་མ་ལག་བཅས་ཀྱི་ཐོན་འབོར་དུས་མཚུངས་ལས་48.5%དང་། 28.0% 25.1%བཅས་སོ་སོར་འཕར་ཡོད།

    སྲོལ་རྒྱུན་གྱི་ཐོན་ལས་ཁག་གཅིག་ཕྱོགས་སྒྱུར་རིམ་སྤོར་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། རྩེར་སོན་བཟོ་སྐྲུན་དང་རིག་ནུས་བཟོ་སྐྲུན་གྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་བསྟུན་ནས། འཁོར་སྟེགས་ཡོ་བྱད་ལས་རིགས་རྩེར་སོན་ཅན་དང་རིག་ནུས་ཅན་གྱི་ཕྱོགས་སུ་རིམ་སྤོར་མགྱོགས་མྱུར་བྱུང་སྟེ་ལོ་སྟོད་ཀྱི་ཁེ་སྤོགས་ཆེས་ཆེར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།