དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་མེ་ཤུགས་འཕུར་མདའ་སྐམ་སར་ཚུར་བསྡུ་ཐོག་མར་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-21

    ཟླ་8ཚེས་19ཉིན་གྱི་ཆུ་ཚོད་7དང་སྐར་མ་35ཙམ་ལ་ཞུང་ཨན་ནས་བཟོས་པའི་སྲུང་སྐར་ཐོག་མ“ཧུང་ཧའོ་སྲུང་སྐར་ཨང་གསུམ་པ”ཀྲུའུ་ཆུའེ་ཨང་གསུམ་པའི་བསྐྱར་སྤྱོད་ཆོག་པའི་རྒྱང་ཚོར་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཤར་རླུང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟའི་ཁུལ་ནས་འཕེན་གཏོང་བྱས་པ་རེད། ཆུ་ཚོད་7དང་སྐར་མ་45ཙམ་ལ་སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བདེ་བླག་འབྱོར་ནས། ཉི་གློག་གཤོག་ཟུང་བརྐྱངས་པ་དང་རྒྱང་འཇལ་དཔྱད་གྲངས་ཁག་རྒྱུན་གཏན་ལྟར་ཡིན་པས་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་གྲུབ་ཡོད། འདི་ནི་ཀྲུའུ་ཆུའེ་ཨང་གསུམ་པའི་རྒྱང་ཚོར་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་མཇུག་སྣེ་སྔོན་གཏན་འཁེལ་བའི་བྱ་རིམ་ལྟར་སྐམ་སར་བདེ་བླག་ངང་བབས་ཐུབ་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།