དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་རྒོད་ཅན་འགོག་བཅོས་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-21

    ཚེས་17ཉིན། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་རྒོད་ཅན་འགོག་བཅོས་སྤྱི་ཆིངས》(གཤམ་དུ《སྤྱི་ཆིངས》ཞེས་བསྡུ་རྒྱུ)འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ(COP17)མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་དངོས་སུ་འཚོགས་ཤིང་། དུས་ཡུན་གཟའ་འཁོར་གཉིས་ཀྱི་ཚོགས་ཆེན་དེའི་ཐོག“ས་ཞིང་སླར་གསོ་བྱས་ནས་རེ་བའི་མེ་དཔུང་བསྐྱར་དུ་སྦར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཞན་འགྱུར་ས་ཞིང་སླར་གསོ་དང་། རྒྱུན་མཐུད་ཆོག་པའི་ས་ཞིང་དོ་དམ། ཐན་འགོག་སྙུགས་ཤེད་འཛུགས་སྐྲུན། རྩྭ་ཐང་སྲུང་སྐྱོང་སླར་གསོ་སོགས་ཀྱི་གྲོས་འགོར་དམིགས་ནས་གྲོས་མོལ་སྤེལ་རེས་བྱས་པ་རེད།

    《སྤྱི་ཆིངས》དྲུང་ཡིག་ཁྲུའི་ལག་བསྟར་དྲུང་ཡིག་ཡཱ་སི་མིང·ཧྥུའུ་ཨ་ཏེ་ཡིས། ས་ཞིང་ཞན་འགྱུར་དང་ཐན་པ་ནི་ནར་འགྱངས་ཆོག་པའི་ཁོར་ཡུག་གནད་དོན་ཞིག་མིན། སྐྱོན་བྲལ་གྱི་ས་ཞིང་ནི་བདེ་ཐང་གི་བཟའ་བཅའི་མ་ལག་དང་། མཉེན་གཤིས་དཔལ་འབྱོར། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་རྨང་གཞི་ཡིན་པས། COP17གྱིས་ངེས་པར་དུ་དོན་འཁྱོལ་བྱེད་པར་དམིགས་དགོས། ཕྱོགས་མང་རིང་ལུགས་ལ་ཉམས་སད་ཐེབས་པའི་མིག་སྔར་COP17ཡང་གོ་སྐབས་ཤིག་ཡིན་པས། འཛམ་གླིང་ལ་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་དམངས་འཚོ་ལེགས་སུ་གཏོང་བའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་ཐུབ་པ་མངོན་པར་བྱེད་དགོས།

    ཀྲུང་གོ་སྲིད་གཞུང་གི་འཐུས་མི་ཚོགས་པ་མ་དངུལ་བསྡུ་སྒྲིལ་དང་། ཐན་འགོག རྩྭ་ཐང་བཅས་ཀྱི་རིམ་མཐོའི་བགྲོ་གླེང་ནང་ཞུགས་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་རྩྭ་ཐང་ཉིན་མོ་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུ་དང་། རྒྱལ་སྤྱིའི་རྩྭ་ཐང་ཉིན་མོ་དེ་ཉིད་རྒྱལ་སྤྱིའི་རྩྭ་ཐང་དང་འབྲོག་པའི་ལོའི་གྲུབ་འབྲས་ཡུན་རིང་གཞན་སྒྱུར་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྩྭ་ཐང་སྲུང་སྐྱོང་སླར་གསོའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བར་སྔར་བས་སྐུལ་འདེད་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད། ཚོགས་ཆེན་འཚོག་རིང་། ཀྲུང་གོ་ཕྱོགས་ཀྱིས་ལྟེ་བའི་གྲོས་མོལ་ཁུལ་དུ“ཀྲུང་གོའི་ཟུར”བཙུགས་ཐོག་བརྗོད་དོན་གཙོ་བོའི་ཟུར་ཚོགས་ཐེངས་མང་འཚོགས་ནས། ཀྲུང་གོའི་ཐང་རྒོད་ཅན་འགོག་བཅོས་ཀྱི་བློ་གྲོས་དང་འགན་འཁྲི་མངོན་པར་བྱས་པ་དང་འབྲེལ་ཐང་རྒོད་ཅན་འགོག་བཅོས་ཀྱི་འདུ་ཤེས་དང་། ལག་རྩལ། ལག་ལེན་བཅས་སྤེལ་རེས་ཀྱང་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།