དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱིན་ཇིས་སྙན་ཞུ་སྤེལ་བའི་ནང་འཁོད་དོན།

    ཀྲུང་གོའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་ཐཱན་ཉུང་ཕྱོགས་སྒྱུར་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-21

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་17ཉིན། དབྱིན་ཇིའི་མན་ཁྲེ་སི་ཐེ་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་ནང་ཀྲུང་གོས་ལྗང་མདོག་ཐོན་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པས། གློག་རྫས་དང་། གློག་སྒུལ་རླངས་འཁོར། ཉི་ནུས་སོགས་ལག་རྩལ་གྱི་མ་གནས་དམའ་རུ་ཕྱིན་པ་དང་། ལག་རྩལ་དེ་དག་དེ་བས་ཐོབ་སླ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ཐཱན་ཉུང་དཔལ་འབྱོར་ཕྱོགས་སྒྱུར་ལ་རམ་འདེགས་གལ་ཆེན་ཐུབ་ཡོད་ཅེས་བཀོད་ཡོད་པ་རེད།

    སྙན་ཞུ་འདི་སློབ་གྲྭ་དེའི་ཞིབ་འཇུག་མི་སྣས་སྣེ་ཁྲིད་དེ་བྲིས་པ་དང་། སྙན་ཞུའི་ནང་། ཉི་ནུས་དང་། རླུང་ནུས། གློག་རྫས། ཆིང་ནུས། གློག་སྒུལ་རླངས་འཁོར་སོགས་ལྗང་མདོག་ཕྱོགས་སྒྱུར་ལ་མཁོ་བའི་ལག་རྩལ་ཁྱབ་ཁོངས་སུ་ཀྲུང་གོ་འདི་ཉིད་མདུན་གྲལ་དུ་སླེབས་ཡོད་ཅེས་འཁོད་ཡོད། དུས་རབས་འདིའི་དུས་འགོ་ནས་བཟུང་། ཀྲུང་གོས་བྱེད་ཐབས་སྣ་མང་སྤྱད་དེ་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། རྒྱལ་ནང་གི་འབྲེལ་ཡོད་དགོས་མཁོ་སྐྱེད་སྲིང་། འབྲེལ་ཡོད་ལག་རྩལ་གྱི་མ་གནས་དམའ་རུ་དང་ཐོབ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    སྙན་ཞུའི་ནང་དབྱིན་ཇིས་ལྗང་མདོག་ལག་རྩལ་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་དང་། ལྗང་མདོག་ལག་རྩལ་མཉམ་ལས་ཀྱིས་ཀྲུང་དབྱིན་འབྲེལ་བ་ཟབ་ཏུ་གཏོང་བར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།