སྤུས་འབྲས་ལེགས་གཉེར་ཡོང་བར་འབད། འཕེལ་རྒྱས་སྒུལ་ནུས་འཕེལ་བར་བྱས།
2025ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་ཕེབས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་སྐྲུན་བྱེད་པར་དམིགས་ནས། ཆ་ལག་ཚང་བའི་འཆར་འགོད་གནང་ཡོད། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་འཛུགས་སྐྲུན་བྱ་སྤྱོད་དངོས་ལ་བསྒྱུར་ནས་ལུང་གཞུང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རིམ་བཞིན་མངོན་པར་བྱས།
2025ལོར་ཕྱིར་མིག་བལྟས་ཚེ། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000གི་སྐས་རིམ་དུ་སླེབས་པ་དང་ལྟེ་བའི་དཔལ་འབྱོར་གྱི་དམིགས་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
2026ལོར་སླེབས་སྐབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལེགས་སུ་རྒྱུན་མཐུད་ཕྱིན་ཡོད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1555.55ཟིན་པ་དེ་དུས་མཚུངས་ལས་6.3%འཕར་བ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་20.9%འཕར་ཡོད། བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14406དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30625 གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7800བཅས་ཟིན་པ་དེ་དུས་མཚུངས་ལས་7.8%དང་། 6.6% 8.0%བཅས་སོ་སོར་འཕར་ནས་ཡོང་འབབ་གསུམ་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།