དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞི་མཐུན་རྨང་གཞི་བརྟན་དུ་བཏང་། འབད་འབུངས་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-21

    2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་བོད་དུ་ཕེབས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས“བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཡོང་བར་དང་ཐོག་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཞིང་། མཛུབ་སྟོན་གལ་ཆེན་དེས་བོད་ཡུན་རིང་བདེ་འཁོད་ཡོང་བར་རྩ་བའི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    འདས་ཟིན་པའི་ལོ་གཅིག་ནང་། ས་མཐོའི་བུ་ཕྲུག་ཁྲི་370ལྷག་ཙམ་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དེ་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ། བོད་བདེ་འཇགས་བརྟན་ལྷིང་ཡོང་བར་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་ཡོད།

    བརྟན་ལྷིང་ནི་གངས་ལྗོངས་ས་མཐོའི་རྨང་གཞི་བརྟན་ཤོས་རེད།

    ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་ཀའི་སྤུས་འབྲས་ལེགས་གཉེར་ལ་དམིགས་ནས། བོད་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མུ་མཐུད་བསྟར་ཏེ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོར་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་སྟེ། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་ཆོས་ལུགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོའི་འགོ་འཛུགས་ས་གསར་པར་བོད་ཀྱིས“དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། ཡུན་རིང་བདེ་འཁོད་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོར་དྲིན་ལན་འཇལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།