དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་རར་རིམ་རྩིས་བརྒྱབ་ན་ཚོང་འགྲིག་ཚད་ཏུན་དུང་ཕྱུར་9ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-20

     གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་7པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་རར་རིམ་རྩིས་བརྒྱབ་ན་ཚོང་འགྲིག་ཚད་ཏུན་དུང་ཕྱུར་9.3ལྷག་ཙམ་ཟིན་ནས་ལས་རིགས་ཀྱིས་མ་གནས་དམའ་པོས་ཐཱན་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

    ཐཱན་ཁྲོམ་ར་ནི་ཁྲོམ་རའི་ལམ་སྲོལ་ལ་བརྟེན་ནས་དྲོད་ཁང་གི་རླངས་པ་འབུད་ཚད་ཚོད་འཛིན་དང་ཉུང་གཏོང་དང་། ཐཱན་ཚད་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་ཡོང་བར་རམ་འདེགས་བྱེད་པའི་སྲིད་ཇུས་ཀྱི་ལག་ཆ་གལ་ཆེན་ཞིག་རེད། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་ཞིག་ཏུ་བསྐྲུན་ནས་གློག་གཏོང་དང་། ངར་ལྕགས། ཨར་འདམ། ཧ་ཡང་བཙོ་སྦྱང་བཅས་ཀྱི་ལས་རིགས་ལ་ཁྱབ་པར་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།