དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དང་ཤང་ཀང་གིས་བཟའ་བཏུང་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-20

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་དང་ཤང་ཀང་གི་བཟའ་བཏུང་ཁེ་ལས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར“མཚོ་སྔོན་དང་ཤང་ཀང་གི་སྤེལ་རེས་ཟབ་ཏུ་བཏང་ནས་བཟའ་བཏུང་མཉམ་འདྲེས་ལ་མཉམ་དུ་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”ཁེ་ལས་ཀྱི་མྱོང་དཔྱོད་དང་མཁོ་སྤྲོད་འཁོར་འབྲེལ་ཁེ་ལས་ཀྱི་ཐོན་ལས་དང་ཕྱིར་ཚོང་སྦྲེལ་མཐུད་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་ཚོགས་འདུའི་དཔོན་རིགས་མིན་པའི་ཞོར་སྐྱོང་གྲོས་མི་དང་། ཤང་ཀང་དེང་རབས་དོ་དམ(བཟའ་བཏུང)ཆེད་ལས་མཐུན་ཚོགས་ཀྱི་ཚོགས་གཏོད་ཚོགས་གཙོ་ཀྲང་ཡུས་རེན་གྱིས་ཚོགས་པའི་སྣེ་ཁྲིད་དེ་བྱེད་སྒོར་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བ་དང་། ཤང་ཀང་གི་གྲགས་ཅན་བཟའ་བཏུང་ཁེ་ལས་ཀྱི་འཐུས་མི། མཚོ་སྔོན་གྱི་བཟའ་བཏུང་ཁེ་ལས་ཀྱི་འཐུས་མི། མཁོ་སྤྲོད་འཁོར་འབྲེལ་ཁེ་ལས་ཀྱི་འགན་འཁུར་བ། དེ་བཞིན་འབྲེལ་ཡོད་ཚོང་དོན་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཁྱོན་མི་80ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”སྤེལ་རེས་ལྷུ་ཚིགས་སུ“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་དབང་བསྐུར་བཟའ་བཏུང་ཁེ་ལས་ཀྱིས་ཚགས་ཤ་དང་། ལུག་ཤ ཆུ་གྲང་ཉ། ས་མཐོའི་གྲང་བསིལ་སྔོ་ཚལ་སོགས་མཚོ་སྔོན་ཐོན་པའི་བཟའ་བཅའི་རྒྱུ་ཆ་གཙོ་བོར་བྱས་ནས་ཐག་རིང་གི་མགྲོན་པོར་མི་རིགས་མང་པོའི་གཡོས་སྦྱོར་ལག་རྩལ་མཉམ་འདྲེས་ཀྱི་ཁྱད་ལྡན་ཁྱིམ་ཚང་གསོལ་སྟོན་བཤམས་པ་རེད། ཤང་ཀང་གི་ཚོགས་ཞུགས་མི་སྣས་མཚོ་སྔོན་གྱི་བཟའ་བཅའི་སྤུས་ཚད་ལེགས་པ་དང“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་ཚལ་གྱི་བྲོ་བ་ཆེན་པོ་འདུག་ཅེས་གདེང་འཇོག་ཆེན་པོ་བྱས་པ་རེད།

    མཁོ་སྤྲོད་འཁོར་འབྲེལ་ཁེ་ལས་སྦྲེལ་མཐུད་ལྷུ་ཚིགས་སུ“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་དབང་བསྐུར་མཁོ་སྤྲོད་འཁོར་འབྲེལ་ཁེ་ལས་ཀྱིས་ཤང་ཀང་གི་བཟའ་བཏུང་ཁེ་ལས་ཀྱི་འཐུས་མི་དང་ངོ་འཕྲད་གྲོས་མོལ་གཏིང་ཟབ་བྱས་པ་རེད། མིག་སྔར་ཚགས་ཤ་དང་། ཆུ་གྲང་ཉ། ས་མཐོའི་གྲང་བསིལ་སྔོ་ཚལ་སོགས་མཚོ་སྔོན་གྱི་ཁྱད་ལྡན་བཟའ་བཅའི་རྒྱུ་ཆ་ཤང་ཀང་དུ་རྒྱུན་མཐུད་མཁོ་འདོན་བྱས་པར་ཤང་ཀང་གི་ཁྲོམ་རའི་ཁས་ལེན་ཐོབ་ཡོད། ཤང་ཀང་གི་བཟའ་བཏུང་ཁེ་ལས་མང་པོས་མཚོ་སྔོན་གྱི་སྤུས་ལེགས་བཟའ་བཅའི་རྒྱུ་ཆར་དགའ་པོ་བྱེད་ལུགས་མཚོན་པར་བྱས་ཡོད། ཕྱོགས་གཉིས་པོས“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”སྤུས་རྟགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། མཚོ་སྔོན་དང་ཤང་ཀང་དབར་བཟའ་བཏུང་ཐོན་ལས་འཁོར་འབྲེལ་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་མདུན་ལམ་ཆེན་པོ་ལྡན་པས། ས་མཐོའི་སྐྱེ་ཁམས་བཟའ་བཅའི་རྒྱུ་ཆ“ཞིང་ནང་འབྲོག་ར”ནས“ཤང་ཀང་གི་གསོལ་ལྕོག”ཏུ་ཁྱབ་པར་སྐུལ་འདེད་དེ་བས་གང་ལེགས་བཏང་སྟེ། གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།