ལོ་སྟོད་དུ་ཀོང་ཤིས་ནན་ཉིང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་71.9%འཕར་བ།
ཆུ་ཚོད་240ཡི་རིང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་དང་། གནས་སྐབས་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་ཆོག་འཐུས་གཉེར་འཐུས་རེ་ཞུ། ཁོངས་སྒྲོལ་ཁྲལ་སློག“འཕྲལ་ཉོ་འཕྲལ་སློག”སོགས། ད་ལོ་ཤར་ཚུན་དུ། ཀོང་ཤིས་ནན་ཉིང་གྲོང་ཁྱེར་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་ཡུལ་སྐོར་ལྟེ་གནས་གྲོང་ཁྱེར་གྱི་ངེས་གནས་ལ་དམིགས་ཏེ། སྡེ་ཚན་མང་པོས་མཉམ་ལས་བྱས་ནས་སྟབས་བདེ་ཅན་གྱི“འགག་ལམ”བཤངས་ཏེ། རྒྱལ་སྒྲོལ་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད། ད་ལོའི་ལོ་སྟོད་དུ། ནན་ཉིང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་71.9%འཕར་ཡོད།
ནན་ཉིང་གིས་ཕྱི་རྒྱལ་ཡུལ་སྐོར་བར་སྟབས་བདེའི་ཞབས་ཞུའི་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ཞིང་། ནན་ཉིང་ཝུའུ་ཡུས་གནམ་ཐང་གི་འགག་སྒོར་རྡོག་ཁྲེས“སྔོན་ཚུད་འཕྲུལ་བཤེར”སོགས་ཀྱི་བྱ་ཐབས་སྤྱད་དེ་འགྲུལ་པ་འགག་སྒོ་ནས་སྒྲོལ་སྐབས་དེ་བས་ནུས་ཆེ་ངང་ཤར་གཏོང་ཐུབ་པར་བྱས་པ་དང་ཆབས་ཅིག ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གཏོང་སྤྲོད་སྟབས་བདེ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུའང་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རིག་གནས་ཡུལ་སྐོར་བྱ་ཡུལ་དུ་ཕྱི་ཕྱོགས་གཱ་བདག་སྤྲོད་ལས་དོན་ཡོངས་སུ་ཁྱབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།