མངའ་རིས་ཀྱི་གུ་གེ་འཁྲབ་ལེན་རུ་ཁག“གྲོང་གསེབ་གླུ་གཞས་སྙན་ལྷང་ལྷང”2026ལོའི་རྒྱལ་ཡོངས་གཅིག་སྡུད་འགྲེམས་འཁྲབ་ལ་ཞུགས་པ།
ཉེ་ཆར། ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་ནང་སོག་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུས་མཛུབ་ཁྲིད་དང་། ཀྲུང་གོ་རིག་རྩལ་དང་བླངས་པའི་མཐུན་ཚོགས་དང་། ནང་སོག་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས། ནང་སོག་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། ཨེར་ཏུའོ་སི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་བཅས་ཀྱིས་གཙོ་གཉེར་བྱས་པའི“གྲོང་གསེབ་གླུ་གཞས་སྙན་ལྷང་ལྷང”2026ལོའི་རྒྱལ་ཡོངས་གཅིག་སྡུད་འགྲེམས་འཁྲབ་དེ་ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཁྱེར་དབྱི་ཅིན་ཧུའོ་ལུའོ་ཆི་རུ་བྱས་པར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ནས་ཡོང་བའི་རུ་ཁག་49ཞུགས་ཤིང་། རྩྭ་མདའ་རྫོང་མཐོ་ལྡིང་སྡེ་ཁུལ་གྱི་གུ་གེ་འཁྲབ་ལེན་རུ་ཁག་གིས་བོད་ཀྱི་ཚབ་ཞུས་ནས་འགྲན་བསྡུར་ལ་ཞུགས་པ་དང་། འགྲེམས་འཁྲབ་ཐེངས་དང་པོའི་ནང་རུ་ཁག་གཞན་ཞིག་དང་མཉམ་དུ་ཨང་གཉིས་པའི་འབྲས་བཟང་ཐོབ་ནས“སྐད་སངས་མགྲིན་སྙན”གྱི་མཚན་སྙན་ཐོབ་པ་དང་འབྲེལ་མཇུག་འགྲིལ་འཁྲབ་སྟོན་གྱི་གར་སྟེགས་ལ་ཡང་འཛེགས་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།