དབུ་ཤོག>གསར་འགྱུར།
  • ས་མཐོའི་རིག་ལྡན་ཞིང་ལས་མཉམ་འབྲེལ་ཚོད་ལྟ་ཁང་ལྷ་སར་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-20

    ཚེས་17ཉིན། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་སྣེ་ཁྲིད་དེ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཆ་འཕྲིན་ཞིབ་འཇུག་སུའོ་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སི་སོགས་ཚན་རིག་ཞིབ་འཇུག་དང་། ཐོན་ལས། སློབ་ཆེན་བཅས་16དང་མཉམ་དུ་བཙུགས་པའི་ས་མཐོའི་རིག་ནུས་ཞིང་ལས་མཉམ་འབྲེལ་ཚོད་ལྟ་ཁང་ལྷ་སར་བཙུགས་པ་ལས་རང་ལྗོངས་ཀྱི་རིག་ལྡན་ཞིང་ལས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟ་ཁང་གིས་ལྟེ་བའི་ཞིབ་འཇུག་ཁ་ཕྱོགས་ཆེན་པོ་བརྒྱད་གཏན་འཁེལ་བྱས་ཡོད་པ་སྟེ། དེའི་ནང་རིག་ནུས་ཤེས་ཚོར་དང་། མི་ཐབས་རིག་ནུས་ཀྱི་རྨང་གཞིའི་དཔེ་དབྱིབས། རིག་ལྡན་འདེབས་གསོ། ཆུ་གྲོན་ཆུང་གི་ཞིང་ལས། རིག་ནུས་ཞིང་འཕྲུལ། ཐོན་ལས་འཁོར་འབྲེལ་གྲངས་འཛིན་ཅན། ཚད་ལྡན་མ་ལག གཞི་རིམ་ཁྱབ་གདལ་མ་ལག་བཅས་ཚུད་ཡོད་པ་དང་། དེ་དག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ས་མཐོའི་ས་ཁམས་ཁོར་ཡུག་ལ་གཞི་ཚུགས་ནས་རིག་ལྡན་སྒྲིག་བཀོད་ཀྱི་ཞིང་འབྲོག་ལས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་གཙོ་གནད་ཐོག་སྤེལ་ཏེ། རིག་ནུས་ཤེས་ཚོར་དང་། རིག་ནུས་སྒྲིག་ཆས། གྲངས་འཛིན་དོ་དམ་ཚོད་འཛིན་སོགས་ཐད་ཀྱི་ས་མཐོའི་ཞིང་ལས་ལག་རྩལ་གྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་བསལ་ནས་ཚན་རྩལ་གྱི་ལེགས་ཆ་ས་མཐོའི་ཞིང་འབྲོག་ལས་ཀྱི་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།