དབུ་ཤོག>གསར་འགྱུར།
  • ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་གི་ཉམས་ལེན་བྱེད་སྒོ་མཇུག་འགྲིལ་བ།

    ​ཉིན་12ནང་མི་ཐེངས་ཁྲི་2.6ལ་སྣེ་ལེན་ཞུས་པར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་82ལྷག་ཙམ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-20

    ཉེ་ཆར། དུས་ཡུན་ཉིན་12ཀྱི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་གི་ཉམས་ལེན་བྱེད་སྒོ་མཇུག་འགྲིལ་བ་རེད། བྱེད་སྒོ་སྤེལ་རིང་། རྟ་རྒྱུག་དུས་ཆེན་གྱི་ལས་སྟེགས་ལ་བརྟེན་ནས་སྨི་ངོས་གྲུ་700ཙམ་གྱི་ཉམས་ལེན་སྦྲ་གུར་བཀོད་སྒྲིག་བྱས་པ་དང་། ཐོན་རྫས་འགྲེམས་ཚོང་དང་མཉམ་འགུལ་ཉམས་ལེན་ཁག་གཉིས་སུ་ཕྱེ་ནས། འགྲེམས་སྟོན་དང་། ཉམས་ལེན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་བྱང་ཐང་གི་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཉམས་དོད་པའི་རྒྱུན་འཛིན་བྱ་ཡུལ་བཏོད་པ།  རིམ་རྩིས་བརྒྱབ་ན་མང་ཚོགས་དང་དེ་བཞིན་ཡུལ་སྐོར་བ་མི་ཐེངས་ཁྲི་2.6ལ་སྣེ་ལེན་ཞུས་པར་སྤྱིའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་82.4ལྷག་ཙམ་ཟིན་ནས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་དུས་གཅིག་ཏུ་ཆེ་རུ་ཕྱིན་ཡོད་པ་རེད།

    ཐོན་རྫས་འགྲེམས་ཚོང་ཁུལ་དུ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11གི་འགྲེམས་ཞུགས་བྱེད་པོ་30ཡོད་པ་དང་། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་། ས་མཐོའི་ཁྱད་ལྡན་བཟའ་བཅའ་དང་སྨན་རྫས། རིག་གནས་བསམ་བཀོད་བཅས་རིགས་ཆེན་པོ་གསུམ་གྱི་ཐོན་རྫས་སྣ་ཁ་285དང་ཐོན་རྫས་གྲངས་འབོར་ཁྲི་7ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

    མཉམ་འགུལ་ཉམས་ལེན་གཏིང་ཟབ་བྱེད་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་དེ་བཞིན་ལག་ཤེས་པ་9འགྲེམས་ཁུལ་དུ་གདན་དྲངས་ཏེ། བོད་ཡིག་ཡིག་གཟུགས་དང་། སྤོས་བཟོ་སྟངས། སྲོལ་རྒྱུན་གྱི་བསླས་འཐག་སོགས་ཀྱི་ལག་ཤེས་འགྲེམས་སྟོན་དང་མཉམ་འགུལ་སློབ་ཁྲིད་བྱས་པ་དང་། “ལྷ་རིའི་མིག་མངས”དང“རྡེའུ་རྩེད”སོགས་ལྷན་སྦྱར་བཀོད་སྒྲིག་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་དེ་འགུལ་མེད་རྣམ་པ་ནས་གསོན་ཉམས་ལྡན་པའི་རྒྱུན་འཛིན་ལ་སྒྱུར་བར་སྐུལ་འདེད་བཏང་ནས་ལྟ་བ་དང་། སྦྱོང་བ། ཉམས་ལེན་བཅས་ཀྱི་ཁྲོད་ནས་ཡུལ་སྐོར་བར་བྱང་ཐང་གི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་དུ་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།