བུད་མེད་ཀྱི་མི་ལྔའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་ལྷ་སའི་རུ་ཁག་ལ་ཨང་དང་པོ་ཐོབ་པ།

འདི་ནི་བུད་མེད་ཀྱི་མི་ལྔའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།
ཟླ་8ཚེས་17ཉིན་གྱི་ཉིན་གུང་། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་བུད་མེད་ཀྱི་མི་ལྔའི་ལན་ཆིའུ་སྤོ་ལོའི་མཐའ་བསྡུར་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་ལྔ་པར་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག་གིས་བསྡུར་གྲངས་82:60ཡི་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད།
འབྲེལ་ཡོད་གསར་འགྱུར།