དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལྗོངས་ལུས་རྩལ་འགྲན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་གཞིས་རྩེའི་རུ་ཁག་ལ་འགོ་ཚུགས་རྒྱལ་ཁ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-19

    འདི་ནི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།

    ཟླ་8ཚེས་16ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པར་འགོ་ཚུགས་ཤིང་། འགོ་ཚུགས་འགྲན་བསྡུར་དེ་མངའ་རིས་ས་ཁུལ་གྱི་འཐུས་ཚབ་རུ་ཁག་དང་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག་དབར་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག་གིས་བསྡུར་གྲངས་3:0གྱི་ཐོག་ནས་མངའ་རིས་ས་ཁུལ་གྱི་འཐུས་ཚབ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་འགོ་ཚུགས་རྒྱལ་ཁ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།