དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོའི་བྱ་བ་མྱུར་དུ་བསྒྲུབས་པ།

    རྫ་ཡུལ་རྫོང་རྗེ་ཀོང་སྡེ་ཁུལ་གྱིས“མྱུར་བཞིའི་དམངས་ཕན”ལམ་སྲོལ་ལག་ལེན་བསྟར་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-19

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་རྗེ་ཀོང་སྡེ་ཁུལ་དུ་བྱ་སྤྱོད་རླབས་ཆེན་གོ་རྒྱུ་ཐོས་རྒྱུ་མེད་ཀྱང་མི་སེམས་འགུལ་བའི་བྱ་བ་ཆུང་ཙག་མང་པོ་མཐོང་རྒྱུ་ཡོད་པ་དཔེར་ན། འཚིག་པའི་ཤེལ་ཏོག་སྐར་མ་བཞི་བཅུའི་ནང་བརྗེ་བ་དང་། ཆུ་སྙིགས་མདོང་ལམ་ཆུ་ཚོད་དྲུག་ནང་གཤོང་བ། མང་ཚོགས་ཀྱི་གནད་དོན་སྐར་མ་10ཡི་ནང་དང་ལེན་བྱེད་པ་ལ་སོགས། དེ་གར“མྱུར་བཞིའི་དམངས་ཕན”ལམ་སྲོལ་ལག་ལེན་བསྟར་ནས་གྲོང་མི་6200ལྷག་ཙམ་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་བསལ་ཡོད།

    2026ལོའི་ཟླ་4པར། སྒོར་པ་སྨད་བོགས་གཏོང་གཞུང་ཁང་ས་ཁོངས་ཀྱི་ཆུ་སྙིགས་མདོང་ལམ་ཞིག་གློ་བུར་དུ་འགག་ནས་ཆུ་སྙིགས་ཕྱིར་ལུད་ནས་གྲོང་མི་དུད་ཚང་20ལྷག་ཙམ་གྱི་སྒོ་རར་ཆུ་འཁྱིལ། གྲོང་མིས་དྲ་མིག་གི་སྐད་འཕྲིན་ཚོགས་པའི་ནང་གནས་ཚུལ་ཞུས་མ་ཐག སྐར་མ་ལྔ་ཡང་མ་འགོར་བར་རྗེ་ཀོང་སྡེ་ཁུལ་གྱི་དྲ་མིག་པ་ཚེ་ཧུང་མེ་དང་ཡེ་ཤེས་སྒྲོལ་མས“འབྱོར་བྱུང་། ལམ་སེང་ཐག་གཅོད་བྱེད་པར་ཡོང་གི་ཡིན”ཞེས་ལན་བརྒྱབ། སྐར་མ་20ཡང་མ་འགོར་བར་ཁོང་ཚོས་ས་གནས་ས་ཐོག་ཏུ་ཡོང་སྟེ་ཕྱོགས་གཅིག་ནས་ཉེན་ཟོན་མཚོན་རྟགས་བཙུགས་པ་དང་། ཕྱོགས་གཞན་ཞིག་ནས“ཁྱིམ་མཚེས་རོགས་རེས”ཀྱི་ཆུ་གློག་ཉམས་བཟོ་བར་འབྲེལ་བ་བྱས་པ་རེད།

    ཆུ་ཚོད་6བསྟུད་མར་མྱུར་བཟོ་བྱས་པ་བརྒྱུད། ཆུ་སྙིགས་མདོང་ལམ་རྒྱུན་གཏན་ལྟར་སླར་གསོ་བྱུང་ཡོད། སྡེ་ཁུལ་གྱིས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་སྦགས་བཙོག་ཁུལ་ལ་ཕྱོགས་ཡོངས་ནས་གཙང་སེལ་དུག་སེལ་ཡང་བྱས་པ་རེད། གྲོང་མིས་གནད་དོན་སྙན་སེང་ཞུས་པ་ནས་གནད་དོན་ཐག་གཅོད་ཐུབ་པའི་བར་ཆུ་ཚོད་12ཀྱང་འགོར་མེད།

    དེ་ནི་རྗེ་ཀོང་སྡེ་ཁུལ་གྱིས་ཁྱབ་གདལ་བཏང་བའི“མྱུར་བཞིའི་དམངས་ཕན”ལམ་སྲོལ་ཏེ“སྐར་མ་10ཡི་ནང་མྱུར་དུ་དང་ལེན་དང་། སྐར་མ་30ཡི་ནང་མྱུར་དུ་འབྱོར་བ། ཆུ་ཚོད་2ནང་མྱུར་དུ་སྒྲུབ་པ། ཉིན་གསུམ་ནང་མྱུར་དུ་ཐག་གཅོད”བྱེད་པ་དེ་རེད། 2026ལོའི་ལོ་འགོའི་ཚུན་དུ། སྡེ་ཁུལ་གྱིས་རིམ་རྩིས་བརྒྱབ་ན་རེ་ཞུ་124ཐག་གཅོད་བྱས་པ་དང་། ཐག་གཅོད་བྱེད་ཚད་95%ལྷག་ཙམ་ཟིན་པ། ཆ་སྙོམས་དང་ལེན་བྱེད་ཡུན་སྐར་མ་10ནས་15བར་ཐུང་དུ་ཕྱིན་ཡོད།

    གལ་ཏེ་སྦུག་ལམ་མྱུར་བཟོ་བྱེད་པ་ནི“དོན་ཆེན”ཡིན་ན་ཤེལ་ཏོག་བརྗེ་བ་ནི་མངོན་གསལ་མེད་པའི“དོན་ཆུང”ཞིག་ཏུ་འདོད་མོད། འོན་ཀྱང་ཁེར་སྡོད་རྒན་རྒོན་ཚེ་རིང་སྒྲོལ་མའི་ངོས་ནས་བརྗོད་ན་དེ་ནི་དོན་ཆུང་ཞིག་ག་ལ་ཡིན།

    སྡེ་ཁུལ་གྱི་དྲ་མིག་པས་རྒན་རྒོན་གྱི་ཁྱིམ་དུ་འཚམས་འདྲིར་སྐྱོད་སྐབས་རྒན་རྒོན་དེའི་ཁྱིམ་གྱི་ཤེལ་ཏོག་འཚིག་པ་མཐོང་། རྒན་རྒོན་གྱི་རྐང་པ་ཐང་པོ་མེད་པས་ནག་ཁུང་ནང་མི་སྡོད་དཀའ་མེད་བྱུང་། དྲ་མིག་པས་འཕྲལ་དུ“ཁྱིམ་མཚེས་རོགས་རེས”ཀྱི་དང་བླངས་པ་དང་འབྲེལ་བ་བྱས་ནས་ཤེལ་ཏོག་དེ་མུར་བརྗེས་པ་རེད།

    ཤེལ་ཏོག་གཅིག་ནས་སྦུག་ལམ་གཅིག་བར་དམངས་འཚོའི་དོན་དག་ཡིན་ཕྱིན་ཆེ་ཆུང་མེད་པར་ཚང་མ་སེམས་ནང་འཇོག་གི་ཡོད། རྗེ་ཀོང་སྡེ་ཁུལ་དུ་མགྱོགས་མྱུར་ཞབས་འདེགས་ཞུ་བ་ནི་དམ་བཅའ་ཞིག་རེད་ལ་རྒྱུན་གཏན་གྱི་བྱ་སྤྱོད་ཅིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།