དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 《ཁེ་རོའི་བསྒྲགས་གཏམ》གྱི་དྲན་གསོའི་རྡོ་རིང་སྤྱི་དམངས་ལ་སྒོ་ཕྱེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-19

    ཉེ་ཆར། ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཀྱི་སྨི་ནཱ་ཕོ་བྲང་གསོལ་མགྲོན་ཁང་དུ་བཙུགས་པའི《ཁེ་རོའི་བསྒྲགས་གཏམ》གྱི་དྲན་གསོའི་རྡོ་རིང་ཚེས་15ཉིན་ནས་སྤྱི་དམངས་ལ་སྒོ་ཕྱེ་བ་རེད།

    སྨི་ནཱ་ཕོ་བྲང་གསོལ་མགྲོན་ཁང་ནི་ཨེ་ཅིབ་ཀྱི་ཅི་སཱ་ཞིང་ཆེན་དུ་གནས་ཤིང་། 1943ལོར་དེ་གར《ཁེ་རོའི་བསྒྲགས་གཏམ》བཞག་པ་རེད། 《ཁེ་རོའི་བསྒྲགས་གཏམ》གྱིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་མངའ་ཁོངས་ས་ཆ་ཡིན་པ་གཏན་འཁེལ་བྱེད་པའི་ལོ་རྒྱུས་དང་ཁྲིམས་གཞིའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན་ཞིང་། དེ་དང་ཕྱིས་སུ《ཁེ་རོའི་བསྒྲགས་གཏམ》གྱི་གཏན་འབེབས་བསྐྱར་བསྒྲགས་བྱས་པའི《པོ་ཚི་ཐན་སྤྱི་བསྒྲགས》སོགས་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་ཡིག་ཆ་རབ་དང་རིམ་པ་དེ་དག་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།