དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་མཚོན་པའི་བརྙན་ཐུང་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-19

    ཉིན་ཤས་གོང་། གཡོད་ཧན་ནེ་སི་པོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས“རིག་གནས་སྐྱོང་སྤེལ། སློབ་གསོར་རམ་འདེགས”ཞེས་པའི་སློབ་འབྲིང་སློབ་མའི་བརྙན་ཐུང་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། ལྷོ་ཨ་ཧྥེ་རི་ཁ་ཧའོ་ཏེང་ཞིང་ཆེན་དང་ཙི་ཡིའུ་ཀྲོའུ་ཞིང་ཆེན་གྱི་འགྲན་ཞུགས་སློབ་མའི་འཐུས་མི་བཅུ་གྲངས་དང་། ཞིང་ཆེན་གཉིས་ཀྱི་སློབ་གསོ་སྡེ་ཚན་དང་དགེ་རྒན་གྱི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།

    སྐབས་འདིའི་སློབ་འབྲིང་སློབ་མའི་བརྙན་ཐུང་འགྲན་བསྡུར་ཆེན་པོའི་བརྗོད་དོན་གཙོ་བོ་ནི“ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ང་ཚོའི་འགྲམ་དུ་ཡོད”ཅེས་པ་དེ་རེད། ཙི་ཡིའུ་ཀྲོའུ་ཞིང་ཆེན་Tetoམཐོ་འབྲིང་ལོ་རིམ་དགུ་པའི་སློབ་མ་དབྱི་ཐུ་མེ་ལུན·མོ་ཧྥུའུ་ཁེན་ལ་བྱ་དགའ་ཨང་དང་པོ་ཐོབ་ཅིང་། ཁོང་གིས། ད་ལོ་ནི་འགྲན་བསྡུར་ལ་ཞུགས་ཐེངས་གཉིས་པ་ཡིན། འགྲན་བསྡུར་བརྒྱུད་ཀྲུང་གོའི་རིག་གནས་ལ་ངོས་འཛིན་དེ་བས་ཟབ་མོ་བྱུང་ཞེས་བརྗོད།

    གཡོད་ཧན་ནེ་སི་པོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཕན་ཆིང་ཅང་གིས་ཤིས་ཚིག་སྒྲོན་སྐབས། སློབ་འབྲིང་སློབ་མའི་བརྙན་ཐུང་འགྲན་བསྡུར་ཆེན་པོ་ལས། གཞོན་སྐྱེས་སློབ་མས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁར་དོ་ཁུར་ཟབ་མོ་བྱེད་པ་གང་ལེགས་མཚོན་པས། སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་སྔར་རྒྱུན་ལྟར་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་དང་གཞོན་ནུའི་མཛའ་མཐུན་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།