དབྱི་སི་ལམ་པོ་རུ་ཀྲུང་གོའི་རིག་གནས་ཉམས་ལེན་གྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོ་རུ། “རྒྱ་ཡིག་དང་ཀྲུང་གོའི་རིག་གནས་ཉམས་ལེན་སློབ་ཚན”གྱི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར“ཤར་ཕྱོགས་ཀྱི་དར་གོས་སྐད་ཆ་སྟེ། དར་གོས་ཀྱི་སྐད་ཆས་ཀྲུང་གོ་དང་ཕ་ཁི་སི་ཐན་སྦྲེལ། རིག་གནས་ཀྱི་དྲི་བསུང་གང་སར་མཆེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་སློབ་མ་དང་སྐུ་མགྲོན་50ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། སློབ་ཚན་ནང་རྒྱ་སྐད་སློབ་ཁྲིད་དང་། ཡིག་གཟུགས་ཉམས་ལེན། སྲོལ་རྒྱུན་དུས་ཆེན། ཀྲུང་ཧྭའི་ཞིམ་ཟས་སོགས་བརྗོད་དོན་གཙོ་བོ་6ཚུད་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ན་གཞོན་དབར་དུས་ཡུན་རིང་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལས་སྟེགས་གཏོད་ཆེད་རེད། བྱེད་སྒོ་དེ་ཕ་ཁི་སི་ཐན་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཕ་ཁི་སི་ཐན་རྒྱལ་ཁབ་ཤུལ་བཞག་དང་རིག་གནས་པུའུ་གནའ་རྫས་རྟོག་ཞིབ་དང་རྟེན་མཛོད་ཁང་ཅུས་ཀྱིས་མཉམ་དུ་སྤེལ་བ་རེད།
བྱེད་སྒོའི་འགོ་ཚུགས་མཛད་སྒོར། ཕ་ཁི་སི་ཐན་རྒྱལ་ཁབ་ཤུལ་བཞག་དང་རིག་གནས་པུའི་པུའུ་ཀྲང་ཨའོ་ལང་ཙེ་པུའུ་ཡིས། མི་ཆོས་རིག་གནས་ཀྱི་འགྲོ་འོང་ནི་ཕ་ཁི་སི་ཐན་དང་ཀྲུང་གོའི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་གཞི་རྩ་གལ་ཆེན་ཡིན། མ་འོངས་པར་ཕ་ཁི་སི་ཐན་དང་ཀྲུང་གོ་གཉིས་ཀྱིས་ད་དུང་རིག་དངོས་ཉམས་གསོ་དང་། ཤུལ་བཞག་གྲངས་འཛིན་ཅན། འཛམ་གླིང་གི་ཤུལ་བཞག་མཉམ་འབྲེལ་ཐོག་རེ་ཞུ་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་དེ་བས་གཏིང་ཟབ་པའི་མཉམ་ལས་བྱེད་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།