དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཛམ་གླིང་གི་འཕེན་རྒྱུན་མྱུར་བའི་ཆུ་གློག་འཕྲུལ་ཚན་ཆེ་ཤོས་ཀྱི་འཁོར་ཆས་བོད་ལྗོངས་སུ་འདེགས་སྒྲིག་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-19

    ཉེ་ཆར། འཛམ་གླིང་གི་འཕེན་རྒྱུན་མྱུར་བའི་ཆུ་གློག་འཕྲུལ་ཚན་ཆེ་ཤོས་དེ་ཏ་ཐང་དགྲ་ལྷ་ཆུ་ཤུགས་གློག་ཁང་དུ་བདེ་བླག་ངང་འདེགས་སྒྲིག་བྱས་པ་དེ་ཐོག་ནས་རང་རྒྱལ་གྱི་ཆུ་ཁ་ཧ་ཅང་མཐོ་བ་དང་ཤོང་ཚད་ཆེ་བའི་འཕེན་རྒྱུན་མྱུར་བའི་ཆུ་གློག་སྒྲིག་ཆས་ཀྱི་ལྟེ་བའི་ལག་རྩལ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས་བོད་ཤར་ལྷོའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མཚོན་ཡོད། མིག་སྔར་རྣམ་གྲངས་དེ་སྤྱོད་འགོ་མ་ཚུགས་གོང་གི་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འདེགས་སྒྲིག་བྱས་པའི་འཁོར་ཆས་ཀྱི་ལྗིད་ཚད་ཏུན་840ཟིན་པ་དེ་ནི་གློག་གཏོང་འཕྲུལ་ཚན་གྱི་ནུས་པ་སྒྱུར་བའི“སྒུལ་ཤུགས་ཀྱི་སྙིང”ལྟ་བུ་དེ་རེད། ད་ཐེངས་འདེགས་སྒྲིག་ལེགས་གྲུབ་བྱུང་བ་དེས་ཏ་ཐང་དགྲ་ལྷ་ཆུ་ཤུགས་གློག་ཁང་གིས་གློག་གཏོང་འགོ་ཚུགས་པར་འགག་རྩའི་རྨང་གཞི་བཏིང་ཡོད། གློག་ཁང་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་རྗེས་ལོ་ལྟར་ས་མཐོའི་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་40ཙམ་མཁོ་འདོན་ཐུབ་པ་དང་། ཚད་ལྡན་རྡོ་སོལ་ཏུན་ཁྲི་130གྲོན་ཆུང་ཐུབ་པ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་342ཉུང་དུ་ཕྱིན་ནས་སྲོལ་རྒྱུན་ནུས་རྒྱུ་ལྗང་མདོག་རིམ་སྤོར་ལ་འདྲ་བཟོས་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི“ཀྲུང་གོའི་མ་དཔེ”ཞིག་མཁོ་འདོན་ཐུབ་རྒྱུ་ཡིན་པ་དེ་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་དང་། “ཐཱན་གཉིས”ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་འཐབ་ཇུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།