《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཞེས་པའི་ཨ་ཟེར་བྷེ་ཇན་སྐད་ཀྱི་ལེ་ཚན་གཏོང་འགོ་ཚུགས་པའི་བྱེད་སྒོ་བྷ་ཁུ་རུ་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་བྷ་ཁུ་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྱུར་བཟོ་བྱས་པའི《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཞེས་པའི་ཨ་ཟེར་བྷེ་ཇན་སྐད་ཀྱི་ལེ་ཚན་དང་པོ་གཏོང་འགོ་ཚུགས་པའི་བྱེད་སྒོ་ཨ་ཟེར་བྷེ་ཇན་གྱི་རྒྱལ་ས་བྷ་ཁུ་རུ་སྤེལ་བ་རེད།
《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐུགས་ལ་བཅངས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བདམས་ནས་ཁོང་གིས“རིག་གནས་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་། རིག་གནས་སྟོབས་ཆེན་བྱུང་ན་མི་རིགས་སྟོབས་ཆེར་འགྲོ”བའི་ཐད་ཀྱི་བསམ་གཞིག་ཟབ་མོ་དང་། རིག་གནས་ཤུལ་བཞག་ལ་གཅེས་འཛིན་དང་ལོ་རྒྱུས་རིག་གནས་རྒྱུན་མཐུད་བྱེད་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཏེ། རྒྱལ་སྤྱིའི་དམངས་ཚོགས་ལ་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཉིང་བཅུད་གཙོ་བོ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་སྐོར་གྱི་རིག་གནས་ཀྱི་རྨང་གཞི་ཟབ་མོ་འགྲེལ་བཤད་བརྒྱབ་ཡོད།
ཨ་ཟེར་བྷེ་ཇན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་མེ་ཡིས་བྱེད་སྒོའི་ཤིས་ཚིག་ནང་། 《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཞེས་པའི་ལེ་ཚན་ཨ་ཟེར་བྷེ་ཇན་དུ་གཏོང་འགོ་ཚུགས་པ་དེ་ཐོག་ནས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་སྨྱན་སྦྱོར་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཞིང་། ཨ་ཟེར་བྷེ་ཇན་གྱི་ལྟད་མོ་བ་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དོན་སྙིང་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་རྩ་བ་ཚུགས་སའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་ཤེས་ཚོར་ཐུབ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
ཨ་ཟེར་བྷེ་ཇན་རྒྱལ་དམངས་གྲོས་ཚོགས་རིག་གནས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཡེ་ཧྥུན་ཅི་གཡོད་ཝ་ཡིས། ཨ་ཟེར་བྷེ་ཇན་དང་ཀྲུང་གོ་གཉིས་ཀར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕན་ཚུན་དབར་འབྲེལ་ཐག་མང་པོ་ཡོད་པ་ཕུད། ད་ཆ་རྒྱལ་ཁབ་གཉིས་པོས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་འཛིན་པའི་ཐུན་མོང་གི་འདུ་ཤེས་ལ་བརྟེན་ནས་འབྲེལ་བ་སྔར་བས་དམ་ཟབ་བྱུང་ཡོད་པས། ཨ་ཟེར་བྷེ་ཇན་དུ《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཞེས་པའི་ལེ་ཚན་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།