“ཀྲུང་གོ་གུང་ཁྲན་ཏང་ལ་འཛམ་གླིང་གི་བློ་རྒྱ་དང་མིག་རྒྱང་ལྡན་པ་མངོན་ཡོད”
—— ཨེ་ཅིབ་ཀྱི་རྒྱ་རིག་པ་མཁས་ཅན་སའེ་དབྱི་ཏེ་ལ་བཅར་འདྲི་བྱས་པ།

“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔྱད་གཞིར་འཛིན་ཆོག་པའི་དོན་སྙིང་གཏིང་ཟབ་ལྡན་ཡོད”ཅེས་ཨེ་ཅིབ་ཀྱི་རྒྱ་རིག་པ་མཁས་ཅན་དང་ཤིས་ཁེ་མེ་ཐེ་རིག་གནས་ཐོན་ལས་ཚོགས་པའི་ཙུང་ཚའེ་ཨའེ་ཧ་མའེ་ཏེ·སའེ་དབྱི་ཏེ་ཡིས་བཤད།
ལོ་25ཡི་གོང་སའེ་དབྱི་ཏེ་ཡིས་སློབ་ཆེན་འགྲིམས་སྐབས་རྒྱ་ཡིག་གི་ཆེད་ལས་བདམས་པ་དང་། 2010ལོར་ཁོང་ཀྲུང་གོར་ཐེངས་དང་པོ་སླེབས། དེ་རྗེས་ཁོང་གིས་ཀྲུང་གོར་སློབ་གཉེར་དང་འཚོ་བ་སྐྱེལ་བ་མ་ཟད། ཀུང་སི་ཞིག་གཉེར་ནས་ཀྲུང་གོའི་དཔེ་དེབ་ཡིག་སྒྱུར་དང་། པར་སྐྲུན། ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་ཨེ་ཅིབ་དང་ཀྲུང་གོའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད། རྒྱུན་དུ་ཨེ་ཅིབ་དང་ཀྲུང་གོའི་དབར་འགྲོ་འོང་ཡང་སེ་བྱེད་ཀྱི་ཡོད་པས། སའེ་དབྱི་ཏེས་ཀྲུང་གོར་ལྟ་ཞིབ་དང་རྒྱུན་ལོན་གཏིང་ཟབ་བྱུང་ནས“ཕུགས་ཀྱི་འཆར་འགོད་དང་། སྤྱི་ཚོགས་སྐུལ་སློང་། ནུས་ཆེའི་ལག་བསྟར་བཅས་ཟུང་འབྲེལ་ནུས་ལྡན་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་ནུས་པར་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད”ཅེས་བཤད།
སའེ་དབྱི་ཏེ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་ལ་གནད་དོན་གྱི་སྟོན་ཕྱོགས་གསལ་པོ་ལྡན་པས་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་གི་ཡོད། “ཆུ་མོའི་བབ་ལ་བལྟས་ནས་ཀོ་བ་གཏོང་བ”དང“དངོས་ཐོག་བདེན་འཚོལ”སོགས་ཀྲུང་གོའི་བཅོས་སྐྱོང་གི་གཏན་ཚིག་གིས“རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་ཁོར་ཡུག་ཁྲོད་ཀྲུང་གོས་རྒྱལ་ཁབ་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པས། དེ་ཡང་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།
སའེ་དབྱི་ཏེ་ཡིས་ངོས་འཛིན་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས། ཀྲུང་གོའི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱིས་མི་དམངས་ལྟེ་བར་འཛིན་ཡོད“ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཁྲོད་དབུལ་སྐྱོར་དེ་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ། སྡོད་ཁང་། ཐོན་ལས་སྲིད་ཇུས་བཅས་དང་ཟུང་འབྲེལ་བྱས་ཡོད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ་དེ་ཞིང་ལས་དང་འབྲེལ་བ་ཡོད་པ་མ་ཟད། ཤེས་ལྡན་པ་དང་། སློབ་གསོ། ཐོན་ལས་སོགས་ལ་ཡང་ཟུང་འབྲེལ་བྱས་ཡོད”
“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། གནའ་བོའི་ཤེས་དཔལ་ཞིག་ལ་སླར་ཡང་གསོན་ཤུགས་རྒྱས་པར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་བློ་གྲོས་ཀྱི་སྙིང་བཅུད་བསྡུ་ལེན་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་རྒྱུན་ཆད་མེད་པར་རྒྱུན་མཐུད་བྱས་ནས་དུས་རབས་ལ་སྣེ་ཁྲིད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཡོད། ཨེ་ཅིབ་དང་ཀྲུང་གོ་གཉིས་ཀར་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་ཤེས་དཔལ་ལྡན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་བྱེད་སྟངས་དང་ཉམས་མྱོང་གིས་ཨེ་ཅིབ་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།