དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོ་ཕྱོགས་ཀྱིས་རྒྱལ་བདེ་མཆོད་ཁང་དང་འབྲེལ་བ་ཡོད་པའི་རི་པིན་གྱི་བག་ཁུམ་སླ་བཅོས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་གི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-18

    ཚེས་15ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་རི་པིན་གྱི་གལ་ཆེའི་སྲིད་ཕྱོགས་མི་སྣས་ཉིན་དེར་ཀ་པ་རིམ་པའི་ཉེས་ཅན་པར་མཆོད་བུལ་བྱེད་སའི་རྒྱལ་བདེ་མཆོད་ཁང་ལ་གུས་འཇལ་བྱས་པའི་སྐོར་གྱི་དྲི་བར་ལན་འདེབས་སྐབས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་བདེ་མཆོད་ཁང་དང་འབྲེལ་བ་ཡོད་པའི་རི་པིན་གྱི་བག་ཁུམ་སླ་བཅོས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་གི་ཡིན། རི་པིན་ཕྱོགས་དང་དྲང་ནན་གྱི་སྒོ་ནས་སྐད་ཆ་བྱས་པ་དང་རྒོལ་གཏམ་དྲག་པོ་བཏང་ཡོད་ཅེས་བརྗོད་པ་རེད།

    གསར་འགོད་པ་ཞིག་གིས། ཟླ་8ཚེས་15ཉིན་ནི་རི་པིན་དམག་འཁྲུག་ཕམ་ནས་མགོ་བཏགས་ཞུས་པའི་ཉིན་མོ་རེད། དེ་རིང་རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་རྒྱལ་བདེ་མཆོད་ཁང་ལ་མཆོད་འབུལ་རིན་དོད་ཕུལ་བ་དང་ནང་བློན་ཁང་གི་ཁོངས་མི་ཁ་ཤས་ཀྱིས་རྒྱལ་བདེ་མཆོད་ཁང་དུ་བསྐྱོད་ནས་གུས་མཇལ་ཞུས་པར། ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཅེས་དྲིས་པར།

    མགྲིན་ཚབ་པས་རྒྱལ་བདེ་མཆོད་ཁང་དང་འབྲེལ་བ་ཡོད་པའི་རི་པིན་གྱི་བག་ཁུམ་སླ་བཅོས་ཀྱི་བྱ་སྤྱོད་ལ་ཀྲུང་གོ་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་གཏོང་གི་ཡིན། རི་པིན་ཕྱོགས་དང་དྲང་ནན་གྱི་སྒོ་ནས་སྐད་ཆ་བྱས་པ་དང་རྒོལ་གཏམ་དྲག་པོ་བཏང་ཡོད་ཅེས་བརྗོད་པ་རེད།

    མགྲིན་ཚབ་པས་རི་པིན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་རིང་ཕྱི་ཕྱོགས་ལ་བཙན་འཛུལ་གྱི་དམག་འཁྲུག་བསླངས་ནས་མི་ཆོས་དང་འགལ་བའི་སྡིག་ཉེས་ཚབས་ཆེན་བསགས་ཡོད། “རྒྱལ་བདེ་མཆོད་ཁང”ཟེར་བ་ནི་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བསམ་པའི་ལག་ཆ་དང་མཚོན་རྟགས་ཤིག་རེད། དེའི་ནང་སྒྲིག་གཤོམ་བྱས་པའི་ཀ་པ་རིམ་པའི་དམག་འཁྲུག་གི་ཉེས་ཅན་པ་14ནི་བཙན་འཛུལ་དམག་འཁྲུག་སློང་མཁན་ཉེས་ཅན་གཏེ་པོ་ཤ་སྟག་རེད། དོན་དངོས་ཐོག་དེ་ནི“དམག་འཁྲུག་གི་ཉེས་ཅན་མཆོད་ཁང”རེད། རི་པིན་གྱི་སྲིད་ཚོང་པས་ཁ་གཡར་ས་གང་འདྲ་ཞིག་བཙལ་ཏེ། དམག་འཁྲུག་ཉེས་ཅན་པར་གྱོད་ལོག་རྒྱག་པ་དང་། དམག་འཁྲུག་གི་ནག་ཉེས་སྦ་གསང་བྱེད་པ། ལོ་རྒྱུས་ཀྱི་དོན་དངོས་འཁྱོག་བཤད་བཅས་བྱས་ནས “སླར་ཡང་དམག་དོན་ཅན”ལ་འགྱུར་མགྱོགས་སུ་གཏོང་ཆེད་ལམ་འདིང་རྒྱུའི་ལྐོག་གཡོ་ངོ་མ་ནི་སྦས་གསང་བྱེད་ཐབས་བྲལ་བ་ཞིག་རེད། འབྲེལ་ཡོད་ནོར་འཁྲུལ་གྱི་བྱེད་སྤྱོད་ནི་ལོ་རྒྱུས་ཀྱི་དྲང་བདེན་ལ་ཕོག་ཐུག་བཏང་བ་དང་། ཤེས་དཔལ་གྱི་མཐའ་ཚད་ལ་འགྲན་སློང་བྱས་པ། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་རྒོལ་བྱས་པ་བཅས་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    མགྲིན་ཚབ་པས་འདི་ལོ་ནི་ཐོ་ཁེའོ་ཡི་འདྲི་གཅོད་ཁྲིམས་ར་འཚོགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ལོ་རྒྱུས་ལ་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་རྒྱུ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་རི་པིན་དེ་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་བསྐྱར་ལོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་དང་རི་པིན་དང་མཐའ་འཁོར་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་རེད་ལ། རི་པིན་གྱིས་ཞི་བདེ་འཕེལ་རྒྱས་ཀྱི་ཁས་ལེན་བརྩི་སྲུང་ནན་པོ་ཞུ་ཐུབ་མིན་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཀྱང་རེད། “ང་ཚོས་རི་པིན་ཕྱོགས་ལ་བཙན་འཛུལ་ལོ་རྒྱུས་ནང་གི་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ནས་དམག་རྒྱལ་རིང་ལུགས་དང་རྦད་དེ་འབྲེལ་ཐག་བཅད་དེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན” ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།