རྒྱ་ཡིག་སྦྱངས་ནས་སྤེལ་རེས་ལ་སྐུལ་མ་གཏོང་བ།

འདི་ནི་དགེ་རྒན་དང་ཕྱི་རྒྱལ་གྱི་བྱིས་པ་ཚོས་ཡི་གེ་ངོས་འཛིན་འགྲན་བསྡུར་གྱི་རོལ་རྩེད་རྩེ་བཞིན་པ།

འདི་ནི་དགེ་རྒན་གྱིས་ཕྱི་རྒྱལ་གྱི་བྱིས་པར་རྒྱ་ཡིག་སློབ་ཚན་འཁྲིད་བཞིན་པ།
ཉེ་ཆར། ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་ཅང་ཏུང་ཁྲོམ་གཞུང་ཅི་མིང་ཧྲན་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་རྒྱལ་སྤྱིའི་བྱིས་པའི་དབྱར་གསེང་གི་རྒྱ་ཡིག་འཛིན་གྲྭའི་སྤྲོ་འཕེལ་སློབ་ཚན་ཚ་ཚ་འུར་འུར་ངང་འཚོགས་པ་རེད། དགེ་རྒན་གྱིས་ཡེ་མེན་དང་། རྒྱ་གར། ཐུར་ཁེ་སོགས་རྒྱལ་ཁབ་ནས་ཡོང་བའི་ཕྱི་རྒྱལ་གྱི་བྱིས་པ་20ཙམ་ལ་སློབ་ཁྲིད་བྱས་ཤིང་། ཕྲུ་གུ་ཚོས་ཡི་གེ་ངོས་འཛིན་གྱི་འགྲན་བསྡུར་དང་སྤེལ་རེས་གླེང་མོལ་སོགས་ཀྱི་རོལ་རྩེད་བརྒྱུད་རྒྱ་ཡིག་སློབ་སྦྱོང་ཧུར་ཐག་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།