ཟླ་དང་པོ་ནས་བདུན་པའི་བར་མྱུར་སྐྱེལ་ལས་སྒོའི་ལས་འབོར་དུས་མཚུངས་ལས་4.8%འཕར་བ།
གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། རིམ་རྩིས་བརྒྱབ་ན་ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་ལས་འབོར་ཁ་གྲངས་དུང་ཕྱུར་1174.7ཟིན་པ་དེ་དུས་མཚུངས་ལས་4.8%འཕར་བ་དང་། རིམ་རྩིས་བརྒྱབ་ན་མྱུར་སྐྱེལ་ལས་སྒོར་ཡོང་འབབ་སྒོར་དུང་ཕྱུར་9017.7བྱུང་བ་དེ་དུས་མཚུངས་ལས་7.4%འཕར་ཡོད་པ་རེད།
ས་ཁོངས་འཕེལ་རྒྱས་སྔར་བས་དོ་མཉམ་བྱུང་ཞིང་། ཟླ་དང་པོ་ནས་བདུན་པའི་བར། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་བསྡུར་ཚད་73.7%དང་། 15.6% 10.7%བཅས་སོ་སོར་ཟིན་པ་དང་། མྱུར་སྐྱེལ་ལས་སྒོའི་ལས་འབོར་གྱི་བསྡུར་ཚད་68.8%དང་། 20.8% 10.4%བཅས་སོ་སོར་ཟིན་ཡོད། དེ་དག་ན་ནིང་གི་དུས་མཚུངས་དང་བསྡུར་ན་དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.1འཕར་བ་དང་མྱུར་སྐྱེལ་ལས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་1.4འཕར་ཡོད། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་བསྡུར་ཚད་བརྒྱ་ཆའི་གྲངས་0.2འཕར་བ་དང་མྱུར་སྐྱེལ་ལས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་1.3འཕར་ཡོད་པ་རེད།
ཞབས་ཞུའི་སྤུས་ཚད་དང་ཕན་ནུས་མཐོ་རུ་བརྟན་པོ་ཕྱིན་ཞིང་། ཟླ་7པར། ཞབས་ཞུའི་སྤུས་ཚད་ཀྱི་སྟོན་གྲངས་566.8ཟིན་པ་དེ་དུས་མཚུངས་ལས་ཅུང་འཕར་ཡོད། རྣམ་གྲངས་ཀྱི་དམིགས་ཚད་དབྱེ་ནས་བལྟས་ན། མྱུར་སྐྱེལ་ཞབས་ཞུར་སྤྱི་དམངས་ཀྱིས་བློ་ཡིད་ཚིམ་ཚད་སྐར་མ་85.3ཟིན་པ་དེ་དུས་མཚུངས་ལས་སྐར་མ་0.1འཕར་ཡོད་པ་རེད། གཙོ་གནད་ས་ཁུལ་ལ་ཆུ་ཚོད་72ཀྱི་ནང་ཐུམ་སྒྲིལ་འབྱོར་ཚད་86.7%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།