དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་དངུལ་རྩའི་སྤུས་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    ཟླ་བདུན་པའི་ཟླ་མཇུག་ཏུ་དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་བསྐྱར་མའི་ལྷག་གྲངས་སྒོར་དུང་ཕྱུར་8000ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-18

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་ད་ལོའི་དུས་ཚིགས་གཉིས་པའི་ཀྲུང་གོའི་དངུལ་ལོར་སྲིད་ཇུས་ལག་བསྟར་སྙན་ཞུ་ལས་མངོན་པར། ད་ལོ་ཚུན་དུ། ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་མངོན་གསལ་དོད་དུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་ཆ་རྐྱེན་ཅུང་ལྷུག་ཏུ་ཕྱིན་པས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་དངུལ་རྩའི་སྤུས་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    སྤྱི་འབོར་ཐད། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གྱི་གསོག་འབོར་དང་ཁྱབ་ཆེའི་དངུལ་ལོར་རྒྱུགས་ཚད(M2)སོགས་ལུགས་མཐུན་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དུས་མཚུངས་ལས་འཕར་ཚད་ཚང་མ་མིང་ཐོག་གི་GDP(རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར)འཕར་ཚད་ལས་མུ་མཐུད་མཐོ་བ་ཡོད། སྐྱེད་ཚད་ཐད། གསར་དུ་བཏང་བའི་ཁེ་ལས་ཀྱི་དངུལ་བུན་གྱི་སྐྱེད་ཚད་དང་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་སྤྱིར་ན་3%ཙམ་ཟིན་ནས། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དེ་ལོ་རྒྱུས་ཀྱི་ཆུ་ཚད་དམའ་ཙམ་དུ་འཁོར་སྐྱོད་ཐུབ་ཡོད་པ་རེད།

    ཡིད་རྟོན་དངུལ་བུན་གྱི་གྲུབ་ཚུལ་ཐད། ལོ་སྟོད་ཀྱི་དུས་མཇུག་ཏུ་ཚན་རྩལ་དངུལ་བུན་དང་། ལྗང་མདོག་དངུལ་བུན། ཀུན་ཕན་དངུལ་བུན། རྒན་གསོའི་ཐོན་ལས་དངུལ་བུན། གྲངས་འཛིན་དཔལ་འབྱོར་གྱི་ཐོན་ལས་དངུལ་བུན་བཅས་དུས་མཚུངས་ལས་12.6%དང་། 14.5% 7.8% 23.5% 15.1%བཅས་སོ་སོར་འཕར་ནས་དངུལ་བུན་ཡོངས་ཀྱི་འཕར་ཚད་ལས་རྒྱུན་མཐུད་མཐོ་བ་ཡོད་པ་རེད།

    ད་ལོ་ཚུན་དུ། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚུར་ཉོ་ཕར་ཚོང་དང་། དུས་འབྲིང་གི་དངུལ་བུན་གཏོང་ལེན་སྟབས་བདེ། རྒྱལ་བུན་ཉོ་ཚོང་བཀོལ་སྤྱོད་སོགས་དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་སྤྱད་དེ། དངུལ་ལོར་འཁོར་རྒྱུག་འདང་ལྷག་ཐུབ་པ་བྱས་ཡོད། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་བྱ་ཐབས་ཀྱི་སྐྱེད་ཚད་བརྒྱ་ཆའི་གྲངས་0.25དམའ་རུ་བཏང་བ་དང་། ཁེ་ལས་ཀྱི་དངུལ་བུན་གྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་གསལ་སྟོན་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། མ་དངུལ་བསྡུ་སྒྲིལ་གྱི་བར་དངུལ་དམའ་རུ་བཏང་ཡོད། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་འབྲེལ་དོན་འཁྱོལ་ཡག་པོ་བྱས་ནས་བྱ་ཐབས་ཀྱི་གཞི་ཁྱོན་དང་རྒྱབ་སྐྱོར་བྱེད་ཁྱོན་ཆེ་རུ་བཏང་སྟེ། སྲིད་ཇུས་ཀྱི་གཙོ་རྒྱུ་འཐུས་སྒོ་ཚང་དུ་བཏང་ཡོད། ཐེངས་གཅིག་རང་བཞིན་གྱི་ཡིད་རྟོན་སླར་གསོའི་སྲིད་ཇུས་ལག་ལེན་བརྟན་པོ་བསྟར་ནས། ཆ་རྐྱེན་དང་མཐུན་པའི་དུས་ཡོལ་མི་ཚོགས་ཀྱིས་ལས་ཆོད་ཆེ་ལ་སྟབས་བདེའི་ངང་ཡིད་རྟོན་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་བྱས་ཡོད་པ་རེད།

    སྙན་ཞུའི་ནང་བཏོན་དོན། དུས་མཚམས་རྗེས་མར། ཀྲུང་གོ་མི་དམངས་དངུལ་ཁང་གིས་གསོག་འབོར་སྲིད་ཇུས་ཁག་གི་ནུས་ཕྱོད་གང་ལེགས་བཏོན་ཏེ། དངོས་སྒྲུབ་གོ་ཆོད་ཀྱི་འཕར་འབོར་སྲིད་ཇུས་དུས་ཐོག་ཏུ་ཇུས་འགོད་བྱས་ནས་འདོན་པ་དང་། ལྡོག་འཁོར་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

    མིག་སྔའི་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐད་སྔར་བཞིན་གྲུབ་ཆའི་རང་བཞིན་གྱི་དོ་སྙོམས་མེད་པའི་གནད་དོན་གནས་ཡོད། ད་ལོའི་ལོ་འགོར་ཀྲུང་གོ་མི་དམངས་དངུལ་ཁང་གིས་དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་ཁྲི་1གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། ཆེད་མངགས་དམངས་གཉེར་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་སྤྱད་དེ། མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པའི་ཞན་ཆ་བསལ་ཡོད་པ་རེད།

    སྙན་ཞུའི་ནང་མངོན་པར། ཟླ་7པའི་ཟླ་མཇུག་ཏུ། དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་བསྐྱར་མའི་ལྷག་གྲངས་སྒོར་དུང་ཕྱུར་8000ཙམ་ཟིན་ཡོད། དངུལ་ཁང་ལ་དངུལ་བུན་གཏོང་བར་སྐུལ་ལྕག་དང་ཁྲིད་སྟོན་བྱས་པའི་ཕན་འབྲས་ནས་བལྟས་ན། དུས་ཚིགས་གཉིས་པའི་དུས་མཇུག་ཏུ། ས་གནས་ཀྱི་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་བཏང་བའི་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་15ཙམ་ཟིན་ནས། གཉེར་སྐྱོང་བྱེད་པོ་ཁྲི་250ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།