དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གངས་ཤུད་ར་བའི་དབྱར་དུས་ཀྱི་མྱོང་ཚོར་གསར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-18

    འདི་ནི་ཡུལ་སྐོར་བས་རི་ཁུལ་གྱི་ཐང་རྒོད་མོ་ཊ་བཏང་ནས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་གྲོགས་པོ་ཆུང་ཆུང་ཚོས་འགྲེང་སྐྱོད་རྐང་འཁོར་བཞོན་བཞིན་པ།

    ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་གྱི་ཀྲུང་གོ་ཡུལ་སྐོར་སུང་ཧྭ་མཚེའུའི་སྤྲོ་གསེང་ཁུལ་ནི་རྒྱལ་ཁབ་རིམ་པའི་གངས་ཤུད་ཡུལ་སྐོར་སྤྲོ་གསེང་ཁུལ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། རི་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས“དབྱར་དུས་གཉེར་སྐྱོང”བྱེད་སྟངས་རྒྱ་ཆེར་བཏང་ཡོད། སྤྲིན་ཚོགས་དང་ཉི་ཤར་ལ་ལྟ་བ་དང་། རི་ཀླུང་དང་མེ་ཏོག་ལ་ལྟ་བ། རི་ཁུལ་གྱི་ལུས་རྩལ་ལ་ཉམས་ལེན་བྱེད་པ་སོགས་རྣམ་གྲངས་ཁག་གིས་ས་གནས་ཁག་གི་ཡུལ་སྐོར་བ་ཚ་གཡོལ་སྤྲོ་གསེང་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།

    ད་ལོའི་ཟླ་4ཚེས་25ཉིན“དབྱར་དུས་གཉེར་སྐྱོང”ལས་འགོ་ཚུགས་པ་ནས་བཟུང་། རིམ་རྩིས་བརྒྱབ་ན་སྤྲོ་གསེང་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་20ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20%འཕར་ཡོད།

    གངས་ཤུད་ར་བ་དེ་སྔ་དགུན་དུས་ཁོ་ན་གཉེར་སྐྱོང་བྱེད་པ་ནས་རིམ་བཞིན་དུས་ཚིགས་བཞི་གཉེར་སྐྱོང་བྱས་ཏེ་གངས་འཁྱགས་ཐོན་ཁུངས་ལས་བྱུང་བའི་ཡུལ་སྐོར་བའི་ཡོང་ཁུངས་དེ་ལོ་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱི་ལེགས་ཆར་སྣུར་སྲིང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།