དབྱར་གསེང་གི་བྱེད་སྒོ་ཕུན་སུམ་ཚོགས་པ།

འདི་ནི་སློབ་མས་ཤོན་ཨེན་རྫོང་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
2026ལོའི་དབྱར་གསེང་རིང་། ཧུའུ་པེའི་ས་གནས་མང་པོའི་རྟེན་མཛོད་ཁང་དུ་གཞོན་ནུ་ལོ་ཆུང་གི་ཞིབ་སྦྱོང་གི་ཚ་རླབས་འཕྱུར་ཞིང་། ཧུའུ་པེ་ཞིང་ཆེན་རྟེན་མཛོད་ཁང་དང་། ཅིང་ཀྲོའུ་རྟེན་མཛོད་ཁང་། ཧུའུ་པེའི་འགག་གསུམ་གནས་སྤོས་ཡུལ་མི་རྟེན་མཛོད་ཁང་སོགས་ཀྱིས་རྟེན་མཛོད་ཁང་སོ་སོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རིག་དངོས་ལྟ་སྐོར་འགྲེམས་སྟོན་དང་། འགྲེལ་བཤད་ཉམས་ལེན། ལག་ཤེས་ཉམས་ལེན། མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཁང་སོགས་ཞིབ་འཇུག་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། རྟེན་མཛོད་ཁང་དུ་བསྐྱོད་དེ་ལོ་རྒྱུས་རིག་གནས་སློབ་སྦྱོང་བྱ་རྒྱུ་དང་དབྱར་ཁའི་གུང་གསེང་དོན་སྙིང་ལྡན་པ་ཞིག་སྐྱེལ་རྒྱུ་དེ་སློབ་ཆུང་སློབ་མའི་དབྱར་གསེང་རིང་གི་འཚོ་བའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།