དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་ཆའོ་ཅ་རུ་དབྱར་གསེང་རིང་ཕྲུ་གུ་མངག་བཅོལ་བྱེད་ས་བཙུགས་པས་ཁྱིམ་བདག་གི་སེམས་ཁྲལ་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-18

    འདི་ནི་ཉེ་ཆར་ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ཆའོ་ཅ་རྫོང་ཡུས་ཕིང་ཁྲོམ་གཞུང་པིན་ཅང་སྡེ་ཁུལ་གྱི“བྱིས་པའི་ཁྱིམ་གཞིས”ཀྱི་དབྱར་གསེང་མངག་བཅོལ་འཛིན་གྲྭའི་ཕྲུ་གུ་ཚོས་ཤིང་དུམ་རྩེད་ཆས་སྒྲིག་བཞིན་པ།

    དབྱར་གསེང་རིང་། ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ཆའོ་ཅ་རྫོང་གིས་དབྱར་གསེང་གི་སྤྱི་ཕན་མངག་བཅོལ་འཛིན་གྲྭ་བཙུགས་ཤིང་། རྫོང་ཡོངས་ཀྱི་སྡེ་ཚན་མང་པོས་མཉམ་དུ་མངག་བཅོལ་ས་ཚིགས་26བཙུགས་པ་དང་དགེ་རྒན་དང་། དམངས་སྲིད་སྤྱི་ཚོགས་ལས་དོན་པ། ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་སོགས་དང་བླངས་པ་250སྒྲིག་འཛུགས་བྱས་ནས་བྱིས་པ་3000ཙམ་ལ་མངག་བཅོལ་ཞབས་འདེགས་ཞུས་ཏེ་རིགས་ཁག་གི་ཁྱིམ་ཚང་གི་གུང་གསེང་རིང་བུ་ཕྲུག་ལྟ་སྐྱོང་བྱེད་པའི་དཀའ་གནད་སེལ་རོགས་བྱས་པ་རེད། མངག་བཅོལ་ས་ཚིགས་ཁག་གིས་སྦྱོང་ཚན་ཟུར་ཁྲིད་དང་། སློབ་གསེང་དཔེ་ཀློག ཚན་རིག་ཁྱབ་གདལ་ཤེས་བྱ་འཆད་ཁྲིད། རིག་རྩལ་བྱེད་སྒོ་སོགས་ཀྱི་རྣམ་པ་བརྒྱུད་ཕྲུ་གུ་ཚོའི་དབྱར་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།