དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2026ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་ཟླ་8ཚེས་18ཉིན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-18

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར། “ལྷ་སར་འཛོམས། འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་ཟླ་8ཚེས་18ཉིན་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འཚོགས་པ་རེད།

    ད་ཐེངས་ཀྱི་གླེང་སྟེགས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དང་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་གཞི་ཚུགས་ནས་གྲངས་འཛིན་དང་། ནུས་རྒྱུ། མི་ཐབས་རིག་ནུས། དམའ་དབྱིངས་དཔལ་འབྱོར་སོགས་ཀྱི་རྩེར་སོན་འགྲན་ལམ་ལ་དམ་པོར་དམིགས་པ་དང་། བོད་སྐད་ཡིག་གི་དཔེ་དབྱིབས་ཆེ་མོ་དང་། ས་མཐོའི་རིག་ལྡན་ནུས་རྒྱུ། ཀླད་འཕྲུལ་མཐུད་ཁས་ས་མཐོའི་བདེ་ཐང་ལ་མཐུན་རྐྱེན་སྦྱོར་བ་སོགས་རྩེར་སོན་ཁྱབ་ཁོངས་ལ་དམིགས་ནས། བཞེད་དོན་གཙོ་བོའི་གཏམ་བཤད་བྱས་པ་དང་འབྲེལ་ལྷ་སའི་གྲངས་འཛིན་དཔལ་འབྱོར་བཀོལ་སྤྱོད་ཀྱི་གསལ་ཐོ་ཡང་ཡོངས་བསྒྲགས་བྱས་པ་དང་། གཙོ་གནད་རྣམ་གྲངས་ལ་གཅིག་སྡུད་ཐོག་གན་རྒྱ་བཞག་པ་རེད། ས་གནས་ས་ཐོག་ཏུ་ད་དུང་ཡར་ཀླུང་དཔལ་འབྱོར་རྒྱུད་ཀྱི་གྲངས་འཛིན་བར་ཁྱམས་མཉམ་སྐྲུན་གྱི་མཛད་སྒོ་ཡང་འཚོགས་པ་རེད།

    དེ་དང་ཆབས་ཅིག ཆེད་དོན་བྱེད་སྒོར་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་དམའ་དབྱིངས་དཔལ་འབྱོར་དང་། མི་ཐབས་རིག་ནུས། OPCལས་རྣམ་སྐྱེད་སྲིང་བཅས་ཡན་ལག་གླེང་སྟེགས་གསུམ་བཀོད་སྒྲིག་བྱས་པ་དང་། “ཁེ་ལས་གླིང་ཁུལ་དུ་སྐྱོད་པའི”བྱེད་སྒོ་ཆེད་མངགས་ཇུས་འགོད་བྱས་ཏེ་ཁེ་ལས་སུ་རྟོག་ཞིབ་བྱེད་པར་གདན་འདྲེན་ཞུས་ནས་སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད་བྱེད་ཟབ་ཏུ་བཏང་བ་དང་། སྨི་ངོས་གྲུ་སྟོང་གི་གྲུབ་འབྲས་འགྲེམས་ཁུལ་བཙུགས་པ་དེ་གྲངས་གཞི་དང་། ནུས་རྒྱུ། རིག་གནས་ཡུལ་སྐོར། དྲ་ཐོག་ཚོང་དོན་བཅས་ཁག་ཆེན་པོ་བཞིར་ཁྱབ་པ་དང་ཟླ་8ཚེས་19ཉིན་གྲོང་མིར་རིན་མི་དགོས་པར་སྒོ་མོ་འབྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།