དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་གྱིས་ཕྱོགས་གསུམ་ནས་སྟོབས་ཤུགས་བསྒྲིལ་ཏེ་དངུལ་རྩའི་ཐོན་ཁུངས་རྫོང་ཁོངས་སུ་ཕྱོགས་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-18

    ད་ལོ་ཚུན་དུ། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་རྫོང་ཁོངས་དངུལ་རྩ་དོ་དམ་ཞབས་ཞུའི་བླང་བྱ་གསར་པ་ལྟར“ཞབས་ཞུ་གཤམ་སྤེལ་དང་། ཤར་གཏོང་སྦྲེལ་མཐུད། ཐོན་ཁུངས་གཟིགས་སྐྱོང”བཅས་ཕྱོགས་གསུམ་ནས་མཉམ་དུ་ཤུགས་བརྒྱབ་སྟེ་དངུལ་རྩའི་ཐོན་ཁུངས་གཞི་རིམ་དུ་བཀོད་སྒྲིག་གནད་སྨིན་ཐུབ་པར་སྐུལ་འདེད་བཏང་ཞིང་། ལོ་སྟོད་དུ། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་139.12ཟིན་ནས་ཞིང་འབྲེལ་དངུལ་བུན“གཉིས་འཕར”བྱུང་སྟེ། དངུལ་རྩས“ཞིང་གསུམ”ཁྱབ་ཁོངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་སྲ་བརྟན་དུ་གཏོང་བའི་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    རྫོང་ཁོངས་ཁེ་ལས་ཀྱིས“དངུལ་རྩ་མི་ཤེས་པ་དང་མ་དངུལ་བསྡུ་སྒྲིལ་མི་ཤེས་པའི”དཀའ་གནད་སེལ་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས“དངུལ་རྩའི་བློ་འདྲིའི”ལམ་ལུགས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། བློ་འདྲི་ཚོགས་པ་རང་འགུལ་ངང་དྲ་ཚིགས་ནས་ཐོན་ཏེ་གླིང་ཁུལ་དུ་བསྐྱོད་ཁར་མ་དངུལ་བསྡུ་སྒྲིལ་དང་། ནོར་དོན་བློ་འདྲི། སྲིད་ཇུས་གསལ་འགྲེལ་བཅས་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ཞབས་འདེགས་ཞུས་པ་རེད། ལོ་སྟོད་དུ་རིམ་རྩིས་བརྒྱབ་ན་ཆེད་དོན་དྲིལ་བསྒྲགས་ཐེངས་48བྱས་པ་མ་ཟད། ཁེ་ལས་555ལྷག་ཙམ་ལ་བཅར་འདྲི་བྱས་ནས་མ་དངུལ་སྒོར་དུང་ཕྱུར་7.33བསྡུ་སྒྲིལ་བྱས་ཡོད་པ་རེད།

    མ་དངུལ་བསྡུ་སྒྲིལ་དང་སྦྲེལ་མཐུད་བྱེད་པའི་ཐད། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་རྫོང་ཁག་གི་སྲིད་གཞུང་དང་མཉམ་དུ་གྲལ་སྒོར་ཚོགས་ཆུང་ཁག་བགོས་དང་ཆེད་གཏོགས་ཞབས་ཞུ་ཟུང་འབྲེལ་གྱི་རྣམ་པ་གསར་གཏོད་བྱས་ནས། ཁེ་ལས་ཚང་མར་ཆེད་གཏོགས་དངུལ་རྩའི་བློ་འདྲི་བཀོད་སྒྲིག་བྱས་ཏེ་དབྱིངས་ཞུགས་རྣམ་པའི་བཞུགས་མོལ་བྱས་པ་རེད། ལོ་སྟོད་དུ་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་སྦྲེལ་མཐུད་ཀྱི་ཚོགས་འདུ་ཐེངས་5འཚོགས་པར་ཁྲོམ་རའི་བྱེད་པོ་144ལ་ཕན་པ་ཐོབ་པ་དང་། རིམ་རྩིས་བརྒྱབ་ན་ཁེ་ལས་58ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་4.34གཡར་བ་དང་། དེའི་ནང་དངུལ་བུན་ཐེངས་དང་པོ་ལེན་མཁན་ཁེ་ལས་ཀྱིས་50%དང་ཡིད་རྟོན་དངུལ་བུན་གྱིས་84.93%བཟུང་ནས་ཕྲན་ཚེགས་ཁེ་ལས་ཁག་གི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་གནད་སྨིན་བསྐངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།