དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བློ་མཐུན་ཀྲུའུ་རུང་ཅིའི་སྐུ་ཕུང་ཚེས་18ཉིན་ཞུགས་འབུལ་བྱ་རྒྱུ་ཡིན་པ།

    གནམ་བདེ་སྒོ་མོ་ཆེ་སོགས་སུ་དར་ཆ་ཕྱེད་ཀ་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-18

    ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྐབས་བཅུ་བཞི་པ་དང་སྐབས་བཅོ་ལྔ་པའི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་བཅས་ཡིན་པའི་བློ་མཐུན་ཀྲུའུ་རུང་ཅི་ཡི་སྐུ་ཕུང་ཚེས་18ཉིན་པེ་ཅིང་དུ་ཞུགས་འབུལ་བྱ་རྒྱུ་རེད།

    བློ་མཐུན་ཀྲུའུ་རུང་ཅིར་མྱ་ངན་ཞུ་ཆེད་ཚེས་18ཉིན་རྒྱལ་སའི་གནམ་བདེ་སྒོ་མོ་དང་། ཤིན་ཧྭ་སྒོ་མོ། མི་དམངས་ཚོགས་ཁང་ཆེ་མོ། ཕྱི་འབྲེལ་པུའུ། དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་བཅས་ཀྱི་ཏང་ཨུད་དང་སྲིད་གཞུང་གནས་ཡུལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། མཐའ་མཚམས་ཀྱི་འགག་སྒོ་ཁག ཕྱི་ཕྱོགས་ལ་ཕྱོགས་པའི་མཁའ་ལམ་མཚོ་ལམ་གྲུ་ཁ། ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།