དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-18

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དང་མི་རིགས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་ཐབས་མང་མཉམ་སྤྱོད་ཀྱིས་སྐུལ་འདེད་གཏོང་བ་དང་། རིམ་པ་ཕྱེ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ། མི་རིགས་ལས་དོན་གྱི་ཁྲིམས་སྐྱོང་རྨང་གཞི་བརྟན་དུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་རྩ་བ་གངས་ལྗོངས་ས་མཐོར་ཚུགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ནི་རང་རྒྱལ་གྱི་དུས་རབས་གསར་པའི་མི་རིགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཐོག་མ་དེ་རེད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་ཆེན་ཞིག་ཀྱང་རེད། དེར་རང་རྒྱལ་གྱི་མི་རིགས་ཁྲིམས་སྐྱོང་འཛུགས་སྐྱོང་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།

    ད་ལོའི་ཟླ་3པ་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐབས་ལམ་མང་པོའི་ཐོག་ནས་བརྒྱུད་བསྒྲགས་དང་རྣམ་པ་མང་པོའི་ཐོག་ནས་མངོན་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་དོན་དྲིལ་བསྒྲགས་བྱེད་ཟབ་ཏུ་བཏང་ཞིང་། རིམ་རྩིས་བརྒྱབ་ན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་1882སྤེལ་བར་མང་ཚོགས་མི་ཐེངས་ཁྲི་25.8ལྷག་ཙམ་ཞུགས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཏུང་མེ་ཡིས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཏོན་པ་ལས་འཛུགས་གཏོད་ལས་དོན་དེ་ཉིད“སྲིད་ཇུས་ཀྱིས་སྐུལ་འདེད་གཏོང་བ”ནས“ཁྲིམས་སྐྱོང་གིས་འགན་ལེན་བྱེད་པའི”བར་བརྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སུ་ཕྱིན་ཏེ། དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ལྟེ་བའི་ཚད་གཞི་དང་མངོན་འགྱུར་ཐབས་ལམ་ཁ་གསལ་བྱུང་བ་མ་ཟད། ཁྲིམས་སྐྱོང་གི་འགན་སྲུང་ཀྱང་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།