དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་དར་སོ་ཆེ་བའི་རྩེད་ཆས་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-17

    2026ལོའི་ཨ་ཁ་མོ་འཛམ་གླིང་བུམ་པའི་འགོ་ཚུགས་མཛད་སྒོར་Labubuཡིས་ལྟད་མོ་བ་དང་སྤེལ་རེས་བྱས་པར་གོ་ལ་ཧྲིལ་པོ་ནས་དགའ་བསུ་ཆེན་པོ་ཐོབ་པ།

    ཡུལ་སྐོར་བ་གསུམ་གྱིས་སི་ཕེན་གྱི་གྲོང་ཁྱེར་མ་ཏེ་རིའི་ཕའོ་ཕའོ་མཱ་ཐེ་མྱུར་ཚོང་ཁང་ནས་དར་སོ་ཆེ་བའི་རྩེད་ཆས་ཉོ་བཞིན་པ།

    2025ལོའི་བར། རྒྱལ་ཁབ་དང་ས་ཁུལ་110ལྷག་ཙམ་ལ་མིང་ཁྲོང་ཡིའུ་ཕིན་ཕྱི་རྒྱལ་སྤུས་རྟགས་ཚོང་ཁང་ཁྱབ་ནས་གྲངས་འབོར་3500ལྷག་ཙམ་ཟིན་ཡོད། འདི་ནི་སི་ཕེན་གྱི་གྲོང་ཁྱེར་མ་ཏེ་རིའི་ཀེ་ལན་ལམ་ཆེན་དུ་གནས་པའི་མིང་ཁྲོང་ཡིའུ་ཕིན་གྱི་ཚོང་ཁང་ཨ་མ་ཡིན་པ།

    ཉེ་ཆར། ཝེ་ཐེ་ནམ་གྱི་ཧ་ནོ་དབྱིར་གཉེར་བའི་2026ལོའི་IBTEཧ་ནོ་དབྱིའི་རྒྱལ་སྤྱིའི་དར་སོ་ཆེ་བའི་རྩེད་ཆས་འགྲེམས་སྟོན་ཐོག་ཀྲུང་གོའི་ཧྲན་ཐོའུ་དང་། ཏུང་ཀོན། དབྱི་ཝུའུ་སོགས་ནས་ཐོན་པའི་དར་སོ་ཆེ་བའི་རྩེད་ཆས་བསྟན་ནས། དར་སོ་ཆེ་བའི་རྩེད་ཆས་བཟོ་བའི་ཀྲུང་གོའི་མཁོ་སྤྲོད་འཁོར་འབྲེལ་གྱི་ལེགས་ཆ་དང་གསར་གཏོད་ནུས་པ་གཅིག་སྡུད་ཐོག་བསྟན་ཡོད། འདི་ནི་ཚོང་ཤག་གིས་ཀྲུང་གོའི་རྩེད་ཆས་ཉོ་བཞིན་པ།

    ཕ་ཁི་སི་ཐན་གྱི་གྲོང་ཁྱེར་ལ་ཝར་ཕིན་ཏིའི་རྩེད་ཆས་ཚོང་ཁང་ཞིག་ཏུ་གྲོགས་པོ་ཆུང་ཆུང་གཉིས་ཀྱིས་ཀྲུང་གོས་བཟོས་པའི་ཀོ་ཕིག་རྩེད་ཆས་འདེམས་བཞིན་པ།

    2019ལོར། 52TOYSཐེ་ལན་གྱི་ཁྲོམ་རར་ཞུགས་ཚུན། ཐེ་ལན་དུ་ཚོང་ཁང་7བཙུགས་པར་དེ་གའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད། འདི་ནི་ཐེ་ལན་པང་ཁོག་གི་52TOYSཚོང་ཁང་ཞིག་ཏུ་འཛད་སྤྱོད་པས་དར་སོ་ཆེ་བའི་རྩེད་ཆས་ཉོ་བཞིན་པ།

    2026ལོའི་IBTEཧ་ནོ་དབྱིའི་རྒྱལ་སྤྱིའི་དར་སོ་ཆེ་བའི་རྩེད་ཆས་འགྲེམས་སྟོན་ཐོག་ས་གནས་ཀྱི་གྲོང་མི་ཞིག་གིས་ཀྲུང་གོས་བཟོས་པའི་མི་ཐབས་རིག་ནུས་ཀྱི་མིག་མངས་འཕྲུལ་མི་དང་མིག་མངས་འགྲན་བཞིན་པ།

    མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུ་ཡོད་པའི་ཕའོ་ཕའོ་མཱ་ཐེ་མྱུར་ཚོང་ཁང་ཞིག་གིས་འཛམ་གླིང་བུམ་པའི་བརྗོད་དོན་གཙོ་བོའི་དམིགས་བསལ་ཐོན་རྫས་Labubu(ལ་པུའུ་པུའུ)བསྟན་པར་དེ་གའི་གཞོན་ནུ་མང་པོས་དགའ་པོ་བྱེད་ཀྱི་ཡོད།

    རྒྱལ་ཁབ་ཕྱི་ནང་དུ་བྲིན་ཁ་རྒྱུག་པ་ནས་འཛམ་གླིང་བུམ་པའི་འགོ་ཚུགས་མཛད་སྒོར་སྟོན་པའི་བར་ཀྲུང་གོའི་དར་སོ་ཆེ་བའི་རྩེད་ཆས་གོ་ལ་ཧྲིལ་པོར་མུ་མཐུད་ཁྱབ་བཞིན་ཡོད། དར་སོ་ཆེ་བའི་རྩེད་ཆས་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ་ནི་སྟེས་དབང་ཞིག་མིན་པར་ཀྲུང་གོའི་བཟོ་སྐྲུན་གྱི་མཁོ་སྤྲོད་འཁོར་འབྲེལ་དང་ཐོན་ལས་ཀྱི་ཁོར་ཡུག་ཆ་ཚང་པོ་ལས་བྱུང་བ་ཞིག་ཡིན་པ་དང“ཀྲུང་གོས་བཟོས་པ”ནས“ཀྲུང་གོའི་གསར་གཏོད”བར་མཆོང་སྐྱོད་བྱུང་ཡོད། དེ་དང་ཆབས་ཅིག་ཀྲུང་གོའི་དར་སོ་ཆེ་བའི་རྩེད་ཆས་ལ་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་མང་པོ་ལྡན་ཞིང་། དེའི་རྣམ་འགྱུར་གྱི་མཚོན་རྟགས་ལས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་མངོན་པ་དང་རིག་གནས་ཀྱི་འཆིང་རྒྱ་ལས་བསྒྲལ་ནས་ཐུན་མོང་གི་ངོས་འཛིན་བྱུང་སྟེ། འཛམ་གླིང་གིས་ཀྲུང་གོའི་རིག་གནས་ཤེས་ཚོར་བྱེད་པའི་སྐར་ཁུང་གསར་པར་གྱུར་པ་མ་ཟད། ཕན་ཚུན་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ལ་ཐབས་ལམ་གསར་པ་ཡང་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།