དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧང་ཐའེ་མྱུར་བགྲོད་ལྕགས་ལམ་དབུན་ཡུས་དུམ་བུ་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-17

    ཚེས་8ཉིན་ཀྲེ་ཅང་ཧང་ཀྲོའུ་ནས་ཧྲའོ་ཤིང་བརྒྱུད་དེ་ཐའེ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་དབུན་ལིང་ནས་ཡུས་ཧོན་དུམ་བུ(གཤམ་དུ“ཧང་ཐའེ་མྱུར་བགྲོད་ལྕགས་ལམ་དབུན་ཡུས་དུམ་བུ”ཞེས་བསྡུ་རྒྱུ)ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། ཡུས་ཧོན་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས་ཡོད་པ་རེད།

    ཧང་ཐའེ་མྱུར་བགྲོད་ལྕགས་ལམ་དབུན་ཡུས་དུམ་བུ་ནི་ཧང་ཐའེ་མྱུར་བགྲོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཡིན་པ་དང་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་ཡོད། གསར་དུ་བསྐྲུན་པའི་ལམ་ཐིག་དེའི་རིང་ཚད་ལ་སྤྱི་ལེ་37ཙམ་ཡོད་པ་དང་འཆར་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་350ཡིན་པ་དེར་དབུན་ལིང་དང་། དབུན་ལིང་ནུབ་མ། ཡུས་ཧོན་བཅས་བབས་ཚུགས་3བཟོས་ཡོད། ཧང་ཐའེ་མྱུར་བགྲོད་ལྕགས་ལམ་དབུན་ཡུས་དུམ་བུ་ཤར་གཏོང་ཐུབ་རྗེས་ཐའེ་ཀྲོའུ་གྲོང་ཁྱེར་གྱི“རྫོང་ཚང་མར་ལྕགས་ལམ་ཤར་གཏོང”ཐུབ་ཡོད།

    ལམ་ཐིག་དེ་2022ལོའི་ཟླ་11པར་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་དང་། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་90.34%བཟུང་ནས། ཟམ་པ་17དང་ཕུག་ལམ་13བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།