དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གྱིས་གྲོང་ཚོའི(སྡེ་ཁུལ)ཞབས་ཞུའི་ནུས་པ་ལེགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་བཀོད་སྒྲིག་དང་ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-17

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཨུད་སྤྱི་ཚོགས་ལས་དོན་པུས་ཞིང་ཨུད་རྩ་འཛུགས་པུའུ་དང་། ཞིང་ཨུད་ཞིང་ལས་གཞུང་དོན་ཁང་། ཞིང་ཆེན་དམངས་སྲིད་ཐིང་བཅས་དང་མཉམ་དུ《ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)ཞབས་ཞུའི་ནུས་པ་ལེགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞི》བཀྲམ་ཞིང་། དེའི་དམིགས་ཡུལ་ནི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། “རྟེའུས་ཤིང་རྟ་ཆེན་པོ་འཐེན་པའི”གནད་དོན་ཐག་གཅོད་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)ཞབས་ཞུའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་ཆེད་རེད།

    ལས་ཀའི་བླང་བྱ་གཞིར་བཟུང་། མཚོ་སྔོན་གྱིས་ལོ་དང་པོར(2026ལོ)རྨང་གཞི་ཚད་ལྡན་དུ་གཏོང་བ་དང་། ལོ་གཉིས་པར(2027ལོ)ཕན་ནུས་ཆེ་རུ་གཏོང་བ། ལོ་གསུམ་པར(2028ལོ)དཔེ་སྟོན་སྣེ་ཁྲིད་བྱེད་པ་བཅས་ཀྱི་སྤྱིའི་ལས་འགན་དམིགས་ཚད་གཞིར་བཟུང་། “གྲོང་ཚོའི(སྡེ་ཁུལ)ལས་དོན་པའི་གསོ་སྦྱོང”དང་། “གྲོང་ཚོའི(གྲོང་ལྷན)ལས་དོན་ཡོངས་བསྒྲགས་བཅོས་སྒྲིག” “གྲོང་ཚོ(སྡེ་ཁུལ)རིམ་པའི་རྩ་འཛུགས་ཀྱི་སྒོ་བྱང་བཀལ་ནས་ཚད་ལྡན་དང་སྲ་བརྟན་དུ་གཏོང་བ” “གྲོང་ཚོའི(སྡེ་ཁུལ)ལས་དོན་གྱི་ཆོག་འཐུས་དོན་འཁྱོལ། “ཡུལ་སྲོལ་སྒྱུར་རྒྱུ་རིམ་སྤོར”དེ་བཞིན“ཞི་མཐུན་གྲོང་ཚོ་དང་གྲོང་ལྷན་ལག་ལེན”བཅས་ཀྱི་ཆེད་དོན་བྱ་སྤྱོད་6ལག་བསྟར་བྱེད་རྒྱུ་རེད།

    གྲོང་ཚོའི(སྡེ་ཁུལ)ཞབས་ཞུའི་ནུས་པ་ལེགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་སྤེལ་བ་བརྒྱུད། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་གསོ་སྦྱོང་ལས་དོན་ཡག་པོ་སྒྲུབ་པ་དང་། གྲོང་ཚོའི(སྡེ་ཁུལ)ལས་དོན་པའི་ཆབ་སྲིད་བྱང་ཚད་དང་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་དང་བྱ་བ་དངོས་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)ལས་དོན་ཡོངས་བསྒྲགས་དང་སྤུས་ཚད་མཐོ་རུ་གཏོང་བའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ། གྲོང་དོན་ཡོངས་བསྒྲགས་རྣམ་པ་ཙམ་དང་། དུས་ཐོག་ཏུ་ཡོངས་བསྒྲགས་མི་བྱེད་པ། དུས་ཚོད་ནར་འགྱངས། སྤུས་ཚད་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས། གྲོང་ཚོའི(གྲོང་ལྷན)ལས་དོན་ཡོངས་བསྒྲགས་ཀྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་། ཞུགས་དབང་། ལྟ་སྐུལ་དབང་ཆ་བཅས་སྔར་བས་འགན་ལེན་བྱ་རྒྱུ་རེད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། གྲོང་ཚོའི(སྡེ་ཁུལ)སྲིད་ཇུས་ལ་རྒྱུས་མངའ་མེད་པ་དང་སྒོ་བྱང་ཚད་ལྡན་མི་འགེལ་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུ་རེད། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་གྲོང་ཚོའི(སྡེ་ཁུལ)དབང་འགན་དབྱེ་མཚམས་གསལ་པོ་བཟོས་ཏེ་དུས་ཡུན་རིང་པོར་གཞི་རིམ་ལ་ཁུར་པོ་འགེལ་བ་དང་། དབང་འགན་མི་མཚུངས་པ། དོན་ཚན་གྱི་འཇུག་སྒོ་ལུགས་དང་མི་མཐུན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    དེའི་རྨང་གཞིའི་ཐོག་གཞི་རིམ་རང་སྐྱོང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། ཡ་རབས་སྲོལ་གསར་སྐྱེད་སྲིང་བྱེད་པ། ཁྱིམ་མཚེས་འཆམ་མཐུན་དང་ཁྱིམ་ཚང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།