བྱང་སྐར་སྲུང་སྐར་ཕྱོགས་སྟོན་མ་ལག་ཕྱོགས་ཡོངས་ནས་འཁོར་ལམ་དུ་རིམ་སྤོར་བྱུང་བ།
ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་མ་ལག་དོ་དམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། བྱང་སྐར་སྲུང་སྐར་ཕྱོགས་སྟོན་མ་ལག་ཕྱོགས་ཡོངས་ནས་འཁོར་ལམ་ཐོག་རིམ་སྤོར་ཐུབ་ཅིང་། སླད་ཕྱིན་མ་ལག་དེས་འཁོར་སྐྱོད་བརྟན་པོ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་སྟོན་ལག་རྩལ་གྱི་བྱ་ཐབས་གསར་པ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ནས། གོ་ལ་ཧྲིལ་པོའི་འཛད་སྤྱོད་པར་དེ་བས་བརྟན་ལ་བློས་འགེལ་ཆོག་པའི་ངེས་གནས་ཕྱོགས་སྟོན་གྱི་ཞབས་འདེགས་ཞུ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།