རང་རྒྱལ་གྱིས་ཆུ་ཐོག་འཕྲིན་གཏོང་ཐབས་ལམ་ལ་བརྟེན་ནས་བྱང་སྣེའི་གྲུ་ལམ་དང་རྒྱ་མཚོའི་འཁྱགས་རོམ་གྱི་སྔོན་བརྡ་ཐོག་མར་བཏང་བ།
ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པེ་ཧའེ་མཚོ་འགྲུལ་འགན་ལེན་ལྟེ་གནས་ཀྱིས་ཕྱི་ཕྱོགས་ལ་བྱང་སྣེའི་གྲུ་ལམ་གྱི་རྒྱ་མཚོའི་འཁྱགས་རོམ་གྱི་སྔོན་བརྡའི་ཆ་འཕྲིན་བཏང་བ་རེད། དེ་ནི་རང་རྒྱལ་གྱིས་ཆུ་ཐོག་འཕྲིན་གཏོང་ཐབས་ལམ་ལ་བརྟེན་ནས་བྱང་སྣེའི་གྲུ་ལམ་གྱི་རྒྱ་མཚོའི་འཁྱགས་རོམ་གྱི་སྔོན་བརྡ་གཏོང་ཐེངས་དང་པོ་ཡིན་ཞིང་། དེ་ཐོག་ནས་རང་རྒྱལ་གྱི་བྱང་སྣེའི་མཚོ་ཐོག་ཆ་འཕྲིན་ཞབས་ཞུ་དེ་གནས་ཚུལ་ངོ་མ་སྤེལ་གཏོང་ནས་འགུལ་རྣམ་སྔོན་བརྡ་གཏོང་བའི་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་མཚོན་ཡོད། བྱ་ཐབས་དེས་བྱང་སྣེའི་མཚོ་སྐྱོད་ཆ་འཕྲིན་འགན་ལེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། གླིང་སྣེའི་མཚོ་ཐོག་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ད་ཐེངས་བྱང་སྣེའི་གྲུ་ལམ་གྱི་རྒྱ་མཚོའི་འཁྱགས་རོམ་གྱི་སྔོན་བརྡ་བཏང་བ་དེ་ཤིས་པོ་ལི་ཡ་རྒྱ་མཚོ་ཤར་མ་དང་། ལ་ཕུའུ་ཅེ་ཧྥུའུ་རྒྱ་མཚོ། ཁ་ལ་རྒྱ་མཚོ། པ་ལུན་ཡན་ལག་རྒྱ་མཚོ་བཅས་བྱང་སྣེའི་མཚོ་ཁོངས་ཆེན་པོ་བཞི་དང་དེ་བཞིན་པའེ་ལིང་མཚོ་འགག་དང་། ཏེ་སྨི་ཐེ་ལི་ལ་ཕུའུ་ཅེ་ཧྥུའུ་མཚོ་འགག ཝེ་ལི་ཅི་ཚི་ཅི་མཚོ་འགག ཁ་ལ་མཚོ་འགག་བཅས་མཚོ་འགག་4ལ་ཁྱབ་ཅིང་། སྔོན་བརྡའི་ནང་དོན་ཐད་རྒྱ་མཚོའི་འཁྱགས་རོམ་གྱི་མཐུག་ཚད་དང་། རྒྱ་མཚོའི་འཁྱགས་རོམ་གྱི་རྒྱ་ཁྱོན། རྒྱ་མཚོའི་འཁྱགས་རོམ་གྱི་རྒྱུག་ཚད་སོགས་དཔྱད་གྲངས་གལ་ཆེན་ཚུད་ཡོད་པ་དང་། ཆུ་ཚོད་3རིང་གི་དུས་ཚོད་འབྱེད་ཚད་མཐོ་པོ་དང་སྤྱི་ལེ་10ཡི་ཞིབ་ཚད་མཐོ་བའི་བར་མཐོངས་འབྱེད་ཚད་ཀྱི་ཚད་གཞི་སྤྱད་དེ་ཆུ་ཚོད་24རེར་ཐེངས་རེ་གསར་པ་བརྗེས་པས། གླིང་སྣེའི་མཚོ་འགྲུལ་གྲུ་གཟིངས་ལ་སྔོན་ཚུད་ནས་སྔོན་དཔག་དང་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་ལམ་འཆར་འགོད་བྱེད་པའི་འགག་རྩའི་གྲངས་གཞིའི་འདེགས་སྐྱོར་ཐུབ་ནས་མཚོ་འགྲུལ་གྱི་ཉེན་ཁ་ལས་ནུས་ལྡན་གཡོལ་ཐུབ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།