བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཚེས་17ཉིན་གྱི་སྔ་དྲོར་པེ་ཅིང་དུ་གཟབ་རྒྱས་འཚོག་རྒྱུ་ཡིན་པ།
ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་15ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཟླ་8ཚེས་17ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་རྒྱུ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད།
སྐབས་དེར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཤིན་ཧྭ་དྲ་བས་ཚོགས་ཆེན་གྱི་སྐོར་ས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་དང་། མི་དམངས་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ་སོགས་ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་། མི་དམངས་ཉིན་རེའི་ཚགས་པར་གྱི་དུད་སྣེ། ཤིན་ཧྭ་གསར་འགྱུར་ཁང་གི་དུད་སྣེ། ཀྲུང་དབྱང་བརྙན་འཕྲིན་གྱི་གསར་འགྱུར་དུད་སྣེ་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ནས་དུས་མཉམ་དུ་བརྒྱུད་གཏོང་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།