ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་ཡོང་བའི་འགན་ལེན་བྱེད་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གློ་བུར་དུ་ཆར་པ་ཆེན་པོ་བབས་ཤིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ལྷ་ས་ཕྱོགས་བསྡུས་ཉམས་བཟོ་འཁོར་ཁང་གིས་གནམ་གཤིས་སྔོན་བརྡ་མཐོང་མ་ཐག་མགྱོགས་མྱུར་བཀོད་སྒྲིག་དང་བྱ་སྤྱོད་སྤེལ་ཞིང་། དེ་ཡང་ལྷ་ས་ལམ་ཐིག་བཟོ་ཁུལ་དང་། ལྷ་ས་ནུབ་རྒྱུད་ཀྱི་ལམ་ཐིག་བཟོ་ཁུལ། ལྷ་ས་ནུབ་རྒྱུད་ཀྱི་བརྡ་རྟགས་བཟོ་ཁུལ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ། དྲག་ཆར་ལ་མི་འཛེམ་པར་སྒྲིག་ཆས་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་མངོན་མེད་རྐྱེན་ངན་བསལ་བ་རེད།
འདི་ནི་ལྕགས་ལམ་གྱི་ལས་བཟོ་ཚོས་དྲག་ཆར་ལ་མི་འཛེམ་པར་ལམ་ཐིག་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སྦྲགས་བཅོས་སྒྲིག་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།