དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་ཐད་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-17

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་11པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུའི་སྲོལ་མཐུན་རང་བརྟེན་གྱི་ཕྱིར་གཏོང་རིན་ཐང་སྒོར་ཁྲི་850ཟིན་པ་དང་། གཙོ་བོ་ཤང་ཀང་དང་ཨེ་ཤེ་ཡ་ཤར་ལྷོ་སོགས་ས་ཁུལ་དུ་འཚོང་གི་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཕྱིར་གཏོང་ཐོན་རྫས་གཏན་འཁེལ་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》གྱི་འབྲེལ་ཡོད་བླང་བྱ་དང་བསྡུར་ནས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་ཡག་པོ་སྤྱོད་པ་དང་། ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་གི་འགག་གནད་ནུས་ཤུགས་ཡོད་རྒུས་སེལ་བ། དབྱར་རྩྭ་དགུན་འབུ་ཕྱིར་འཚོང་དེ་ཁེ་ལས་ཀྱིས་རང་བརྟེན་སྙན་ཞུ་འབུལ་བ་དང་། བརྒྱུད་རིམ་སྒྲིག་སྲོལ་དང་མཐུན་པ། འབོར་གྲངས་གཞི་ཁྱོན་ཅན་གྱི་ཕྱིར་གཏོང་བཅས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱས་པས། དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་དང་། རིམ་བགོས་མཛོད་ཉར། དྲ་ཕྱིར་སིལ་འཚོང་། དྲ་ཐོག་ཐད་གཏོང་། རྒྱལ་སྒྲོལ་འཁོར་རྒྱུག་བཅས་ཚུད་པའི་མཁོ་སྤྲོད་འཁོར་འབྲེལ་ཆ་ཚང་ཞིག་བསྐྲུན་ཡོད་པ་རེད།

    2025ལོའི་ཟླ་11པར། ལྷ་ས་གྲོང་ཁྱེར་གྱིས་དབྱར་རྩྭ་དགུན་འབུ་གཞི་ཁྱོན་ཅན་གྱི་ཕྱིར་གཏོང་ཐེངས་དང་པོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། དངོས་ཟོག་གི་རིན་ཐང་སྒོར་ཁྲི་144ཟིན་ནས་ལྗོངས་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་ཐར་ཐོར་ཕྱིར་གཏོང་བྱེད་པའི་རྣམ་པ་མཇུག་འགྲིལ་བ་དང་ཚད་ལྡན་ཅན་གྱི་ཕྱི་ཕྱོགས་ཚོང་དོན་བགྲོད་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་དང་པོར་གྱུར་ཡོད།

    ད་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་། ནགས་ལས་རྩྭ་ཐང་ཅུས། ལྷ་ས་འགག་སྒོ་ལས་ཁུངས་སོགས་སྡེ་ཚན་མང་པོས་མཉམ་དུ་ཤུགས་བརྒྱབ་ནས་ཁུངས་གཏུགས་ལྟ་འདོམས་དང་སྔོན་ལ་འགག་སྒྲོལ་སོགས་ཀྱི་ཆེད་དོན་འགན་ལེན་བྱ་ཐབས་དོན་འཁྱོལ་བྱས་ཏེ། དབྱར་རྩྭ་དགུན་འབུ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།