དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཆེད་གཏོགས་རྒན་གསོའི་ལོ་དངུལ་གྱི་འགན་བཅོལ་ཐོག་མ་ཉིང་ཁྲིར་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-17

    ཉེ་ཆར། བོད་ཀྱི་ཆེད་གཏོགས་རྒན་གསོའི་ལོ་དངུལ་གྱི་འགན་བཅོལ་ཐོན་རྫས་ཐོག་མ་སྟེ“སྲོག་རྟེན་འགན་བཅོལ་གྱི་གངས་ལྗོངས་རྒན་སྐྱིད་ཀྱི(ཞིང་ལས་དངུལ་ཁང་ཆེད་གཏོགས)རྒན་གསོའི་ལོ་དངུལ་ཐོན་རྫས”ཉིང་ཁྲིར་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་རང་ལྗོངས་ཀྱི་དངུལ་ཁང་འགན་བཅོལ་སྒྲིག་གཞིས་དངུལ་རྩའི་མཐའ་སྟོབས་དམངས་ཕྱུག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ས་གནས་ཀྱི་རིམ་པ་མང་བའི་རྒན་གསོའི་འགན་ལེན་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བའི་གྲུབ་འབྲས་གསར་ཤོས་ཡིན་པ་དེ་ཐོག་ནས་ས་མཐོའི་རྒན་གསོའི་དངུལ་རྩའི་ཞབས་ཞུ་དེ“ཡོད་པ”ནས“ཆེད་གཏོགས”བར་གྱི་འགག་རྩའི་གོམ་སྟབས་སྤོས་པ་མཚོན་ཡོད།

    བོད་ཀྱི་མི་སེར་རང་ཉིད་ལ་དབང་བའི་རྒན་གསོའི་ལོ་དངུལ་འགན་བཅོལ་དེ་སྔོན་ཆད་ཀྱི་ཐོན་རྫས་སྟབས་བདེའི་ངང་སྤོ་སྒྱུར་བྱས་པ་དང་མི་འདྲ་སྟེ། “གངས་ལྗོངས་རྒན་སྐྱིད”དེ་འཆར་འགོད་ཐོག་མར་བྱས་པ་ནས་བཟུང་གངས་ལྗོངས་ས་མཐོའི་དམངས་འཚོའི་བྱ་བར་རྩ་བ་བརྟན་པོར་ཚུགས་པ་སྟེ། ས་གནས་དེ་གའི་རྒན་གསོའི་སྲིད་ཇུས་ཀྱི་གཏན་ཚིགས་དང་སྦྲེལ་མཐུད་ཟབ་མོ་བྱས་ཏེ་རྒྱུན་སྲོལ་ལས་བརྒལ་ནས་སྔ་ཙམ་ལེན་པའི་ཇུས་གཞི་བཏོན་པ་དང་། བུད་མེད་ཀྱིས་སྔ་ཤོས་ལོ་45དང་སྐྱེས་པས་སྔ་ཤོས་ལོ་55ནས་བཟུང་ལེན་ཆོག་པ་དེ་ལྗོངས་ཕྱིའི་རྒྱུན་གཏན་ཐོན་རྫས་ལས་ལོ་5ནས་10བར་སྔ་རུ་བཏང་སྟེ། ས་མཐོའི་མང་ཚོགས་ཀྱིས་དངོས་སུ་ལས་གནས་ལས་བྲལ་ཏེ་ངལ་གསོ་རྒྱག་པའི་གོམ་སྟབས་དང་གནད་སྨིན་སྦྲེལ་མཐུད་ཐུབ་ནས། རྒན་གསོའི་དངུལ་སྨར་འཁོར་རྒྱུག་སྲུབས་མེད་སྦྲེལ་མཐུད་ཐུབ་པའི་འགན་ལེན་བྱས་ནས་ཡོང་འབབ་ཀྱི་སྟོང་ཆ་བསྐངས་ཡོད།

    སྲོག་རྟེན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལི་ཝུན་ཀུའེ་ཝུན་གྱིས། སྲོག་རྟེན་འགན་བཅོལ་གྱི་ཞིབ་རྩིས་ཚོགས་པས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྒན་གསོའི་ལོ་དངུལ་གྱི་ཁེ་ཕན་ཐོབ་མཁན་གཙོ་གནད་དེ་ལོ་80མན་ཆད་ལ་དམིགས་ནས་རིགས་གཅིག་པའི་སྤྱིར་བཏང་རྣམ་པའི་རྒན་གསོ་འགན་བཅོལ་གྱི་ཐོན་རྫས་ཁྲོད་སྤྱོད་མཁན་གྱིས་དངོས་སུ་ལེན་ཆོག་པའི་རྒན་གསོའི་དངུལ་གྱི་འབོར་གྲངས་དེ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་སྟེ། རྒན་གསོའི་དངུལ་དེ་གཟུགས་པོ་ཐང་ཤོས་དང་འཚོ་བར་འགན་སྲུང་བྱེད་དགོས་ཤོས་ཀྱི་དུས་མཚམས་སུ་ནུས་པ་ཆེ་ཤོས་ཐོན་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།