2026ལོའི་ལྷ་སའི་ཞོ་སྟོན་གྱི་རྟ་རྒྱུག་འགོ་ཚུགས་པ།

འདི་ནི་རྒྱུག་ཕྲུག་གིས་རྟ་རྒྱུག་གིན་ཁ་བཏགས་སྒྲུག་བཞིན་པ།

འདི་ནི་རྒྱུག་ཕྲུག་གིས་རྟ་ཐོག་ནས་མདའ་འཕེན་བཞིན་པ།
ཟླ་8ཚེས་14ཉིན། ལྷ་སའི་བྱང་འདབས་ཀྱི་རྟ་རྒྱུག་ཐང་དུ་ཚོན་དར་ལྷབ་ལྷུབ་གཡོ་བ་དང་མི་ཚོགས་མང་པོ་འདུས་ལ། དགའ་འབོད་དང་རྟའི་རྨིག་སྒྲ་ནི་འཁྲུག་ཆ་དོད་པའི་རོལ་དབྱངས་དཀྲོལ་བ་དང་མཚུངས། “ལུས་རྩལ་འགྲན་ཚོགས་ཀྱི་དུས་ཚིགས”ཏེ། 2026ལོའི་ལྷ་སའི་ཞོ་སྟོན་གྱི་རྟ་རྒྱུག་གནས་དེར་འགོ་ཚུགས་པ་རེད།
ཞོ་སྟོན་རིང་གི་བྱེད་སྒོ་གཙོ་བོའི་གྲས་ཡིན་པའི་རྟ་རྒྱུག་འགྲན་བསྡུར་ནི་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་ཤིང་། འགྲན་བསྡུར་རྣམ་གྲངས་ཐད་སྲོལ་རྒྱུན་གྱི་རྟ་རྩལ་དང་རྟ་རྒྱུག་འགྲན་བསྡུར་རིགས་ཆེན་པོ་གཉིས་ལ་དབྱེ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།