དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་སྟོད་དུ་རང་ལྗོངས་ཀྱི་འཛད་སྤྱོད་ཡིད་རྟོན་དངུལ་བུན་འཕར་ཚད་མངོན་གསལ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-17

    གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་5པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1314ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་26.4%འཕར་བ་དང་། འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་འཕར་ཚད་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཡིད་རྟོན་དངུལ་བུན་གྱི་མ་དངུལ་གཏོང་ཆའི་གྲུབ་ཆ་ནས་བལྟས་ཚེ། དངུལ་བུན་གྱི་མ་དངུལ་དེ་མང་ཚོགས་ཀྱི་སྣ་མང་ཅན་གྱི་འཚོ་བའི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་ཡོད་པ་དང་། གཙོ་བོ་འཛད་སྤྱོད་བྱ་ཡུལ་ཆེན་པོ་གསུམ་ལ་ཁྱབ་ཅིང་། སྡོད་ཁང་གི་འབྲེལ་ཡོད་འཛད་སྤྱོད་ནི་སྔར་བཞིན་ཡིད་རྟོན་དངུལ་བུན་གྱི་གཏོང་ཆ་གཙོ་བོ་ཡིན་པ་དང་། མང་ཚོགས་ཀྱི་སྡོད་ཁང་ཉོ་སྒྲུབ་དང་ཁྱིམ་ཆས་ཉོ་བ་སོགས་ཀྱི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས་མཁོ་ཆས་སོགས་ཀྱི་འཛད་རྫས་ཉོ་སྒྲུབ་ཀྱི་དངུལ་བུན་བརྟན་པོའི་ངང་འཕར་ནས་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱས་ཡོད། གཞན་ཡང་སློབ་གསོ་དང་། རིག་གནས་ཡུལ་སྐོར། སྨན་བཅོས་སོགས་རིགས་ཁག་གི་རྒྱུན་ལྡན་གྱི་ཕྱོགས་བསྡུས་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་གོ་རིམ་ལྡན་ངང་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།