དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཐོག་མ་དེ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།      |     སྤེལ་དུས།  2026-08-16

     ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཐོག་མ་དེ་བཙུགས་པ་རེད། རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཐོག་མ་ཞིག་གི་ངོས་ནས་དེས་ལས་རིགས་ཀྱི་སྟོང་ཆ་བསྐངས་ཤིང་། ལྷ་སའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་དེ་མཐུན་སྦྱོར་མཉམ་སྐྱོད་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཕྱི་ཕྱོགས་ཚོང་དོན་ཚོང་ཚོགས་ཀྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་ཀྱིས་རྐྱང་རྒྱུག་རྐྱང་འཐབ་དང་། ཆ་འཕྲིན་དོ་མི་སྙོམས་པ། ཐོན་ཁུངས་ཁ་ཐོར། མ་དངུལ་བསྡུ་སྒྲིལ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ལ་འབད་ནས། སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་དང་། དངུལ་ཁང་དང་ཁེ་ལས་མཉམ་ལས། ཁྲིམས་དོན་རྒྱབ་སྐྱོར་བཅས་ལྟེ་བའི་ལས་སྟེགས་ཆེན་པོ་གསུམ་བསྐྲུན་ཏེ། ཚོགས་མིའི་ཁེ་ལས་ལ་སྲིད་ཇུས་བློ་འདྲི་དང་། ཁྲོམ་ར་རྒྱ་སྐྱེད། བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་སོགས་ཕྱོགས་ཡོངས་ཀྱི་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུ་རྒྱུ་རེད། མཛོད་འཇུག་དང་ཟོག་འགྲུལ་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད། ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་དམའ་རུ་གཏོང་བ་དང་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་སྒྲིག་འཛུགས་བྱས་ནས་ཕྱི་རྒྱལ་དུ་བཏང་སྟེ་ཐུན་མོང་ཐོག་ཉེན་ཁར་ཁ་གཏད་གཅོག་རྒྱུ་ཡིན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།