དབུ་ཤོག>གསར་འགྱུར།
  • བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་དབྱར་གསེང་རིང་གི་ཉིན་རེའི་སྐྱེལ་འདྲེན་བྱེད་ཚད་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།      |     སྤེལ་དུས།  2026-08-16

     ཉིན་ཤས་གོང་། གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་8ཚེས་1ཉིན་བོད་ལྗོངས་སུ་ཉིན་རེར་གནམ་གྲུ་འཕུར་ཐེངས་260ལས་བརྒལ་ནས་དབྱར་གསེང་སྐྱེལ་འདྲེན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

    དབྱར་གསེང་སྐྱེལ་འདྲེན་འགོ་ཚུགས་ཚུན། བོད་ལྗོངས་སུ་ཡུལ་སྐོར་བའི་རྒྱུན་དང་། ཚོང་དོན་གྱི་འགྲུལ་བཞུད། ལས་མི་ཕ་ཡུལ་དུ་ལོག་པ་བཅས་ཀྱི་དགོས་མཁོ་མང་བའི་དབང་གིས་མཁའ་ཐོག་སྐྱེལ་འདྲེན་བྱེད་ཚད་མང་དུ་འགྲོ་བཞིན་ཡོད་པ་རེད།

    བོད་ལྗོངས་མཁའ་འགྲུལ་དོ་དམ་ལྟེ་གནས་ཀྱིས་འཁོར་སྐྱོད་ཀྱི་དོན་དངོས་ལ་གཞིགས་ཏེ་གནམ་གཤིས་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ལས་སྒྲུབ་མི་སྣ་བབ་བསྟུན་ལེགས་སྒྲིག་བྱེད་པ། སྒྲིག་ཆས་ལ་སྐོར་ཞིབ་བྱེད་ཐེངས་མང་དུ་གཏོང་བ་བཅས་བྱས་ནས། མཁའ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་རགས་བརྟན་དུ་བཏང་བ་རེད། བོད་ལྗོངས་གནམ་ཐང་ཚོགས་པས་དབྱར་གསེང་གི་སྐྱེལ་འདྲེན་འགན་ལེན་ཇུས་གཞི་དུས་གཅིག་ཏུ་ལེགས་སུ་བཏང་ཞིང་། གནད་སྨིན་འཐུས་ཚང་གི་འཁོར་སྐྱོད་དོ་དམ་མ་ལག་ལ་བརྟེན་ནས། བདེ་འཇགས་ཞིབ་བཤེར་དང་། རྒྱུག་ལམ་གྱི་བདེ་འཇགས་ཞིབ་བཤེར། འགྲུལ་པར་ཞབས་ཞུ་སྒྲུབ་པ་སོགས་འགག་རྩའི་ལྷུ་ཚིགས་ཀྱི་འགན་འཁྲི་ནན་དུ་བཏང་ནས། ས་ངོས་ཀྱི་འཁོར་རྒྱུག་ལས་དོན་ཁག་བདེ་བླག་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།