དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-15

    འདི་ནི་ཟླ་7ཚེས་16ཉིན། འཇར་མན་གྱི་ཏུའུ་དབྱི་སི་པའོ་གྲོང་ཁྱེར་དུ་གཏོང་བའིX8151རྟགས་ཅན་གྱི་དུས་གཏན་མེ་འཁོར་ཤིས་ཨན་རྒྱལ་སྤྱིའི་འབབ་ཚུགས་ནས་ཐོན་རྩིས་བྱེད་པའི་རྣམ་པ་ཡིན་པ།

    ཟླ་7ཚེས་16ཉིན། རླངས་འཁོར་གྱི་ལྷུ་ལག་དང་། ཉེར་མཁོའི་དངོས་ཟོག རྫ་ཆས་དང་དཀར་ཡོལ་སོགས་བྱུར་བུར་བླུགས་པའི་X8151རྟགས་ཅན་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཤིས་ཨན་རྒྱལ་སྤྱིའི་འབབ་ཚུགས་ནས་འཇར་མན་གྱི་ཏུའུ་དབྱི་སི་པའོ་གྲོང་ཁྱེར་ཕྱོགས་སུ་ཐོན་པ་རེད། 2026ལོ་བར་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་གཅིག་གྱུར་གྱི་སྤུས་རྟགས་སྤྱད་དེ་ལོ་10འཁོར་བ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)གྱིས་ཀྲུང་ཡོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་སྤྱིའི་སྐྱེལ་འདྲེན་རྩ་འཛུགས་ལེགས་སུ་བཏང་ནས་རྒྱལ་སྤྱིའི་ཟོག་འགྲུལ་ཐབས་ལམ་རྒྱ་སྐྱེད་བཏང་བས། ད་ལོ་ཚུན་དུ་དུས་གཏན་མེ་འཁོར་ཁྱོན་ཐེངས་3000ལྷག་ཙམ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།