དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་རྒྱུད་བཟང་ཕྱུགས་ཀྱི་ཉམས་བཟང་འདི་ན་མངོན།

    —— བོད་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-14

    འདི་ནི་ཕྱུགས་རིགས་ངོམ་སྟོན་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ས་བབ་སྨི་4500ལྷག་ཙམ་ཟིན་པའི་བྱང་རྩྭ་ཐང་དུ་སྟོན་འགོའི་གྲང་རླུང་ལྡང་འགོ་ཚུགས་ཤིང་། ཕྱུགས་རྒྱུད་ངོམ་སྟོན་གྱི་བྱེད་སྒོ་ཞིག་ཚ་ཚ་འུར་འུར་ངང་སྤེལ་བ་ལས་ས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་དུ་ཕྱིན་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་འབྲི་གཡག་དང་། ལུག ཁུལ་ལྡན་ར་བཅས་ཡག་ཤོས་ལ་ཚན་རིག་དང་མཐུན་པའི་ཚད་གཞི་ལྟར་ཡག་སྒྲུག་བརྒྱབ་རྗེས་ཁག་ཐེངས་བདུན་ལ་དབྱེ་སྟེ་ས་མཐོའི་འབྲོག་ལས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད་པ་རེད།

    2018ལོར་གཟི་ཕུག་འབྲི་གཡག་ལ་ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་དཔང་འདོན་ཐོབ་ནས་ས་མཐོའི་འབྲོག་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཉང་གཡག་ལ་ལྷན་སྐྱེས་ཀྱི་རྩིབ་རུས་ཆ་གཅིག་མང་བས་འབྲི་གཡག་གཞན་དང་བསྡུར་ན་ཤ་སྤྱི་རྒྱ་17མང་བ་མ་ཟད། ཀལ་འདུས་ཚད་འབྲི་གཡག་ཆེ་གྲས་ནང་ཨང་དང་པོར་སླེབས་ཀྱི་ཡོད། ཀོང་གཡག་ས་བབ་སྨི་4800ཡན་དུ་འཚོ་གནས་བྱེད་ཀྱི་ཡོད་པས་ཤ་ཤེད་རྒྱས་ཤིང་འབྲི་མོར་འོ་མ་མང་བའི་ཁྱད་ཆོས་ལྡན་ཡོད། གཅོམ་ནང་འབྲི་གཡག་གི་སྒལ་ཚིགས་འབྲི་གཡག་གཞན་དང་མི་འདྲ་བ་དང་། འབྲི་གཡག་གི་ཁ་མདོག་ཕལ་ཆེ་བ་ཁྲ་ཁྲ་ཡིན། ཁལ་ལྗིད་ཚད་སྤྱི་རྒྱ་70ནས་120བར་འགེལ་ཐུབ་ཀྱི་ཡོད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་གནད་སྲུང་སྐྱོང་གི་ཕྱུགས་རིགས་72ཀྱི་རྒྱུད་པའི་ནང་ཚུད་པའི་བོད་བྱང་ཐང་གི་སྟོད་མའི་ལུག་2021ལོར་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི“སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་ཐོན་ཁུངས་ཆེ་གྲས་བཅུའི”གྲས་སུ་བཅུག་ཡོད། ཤ་མཉེན་ཞིང་བྲོ་བ་ཞིམ་ལ་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པའི་གམ་པའི་ལུག་2012ལོར་ལྗོངས་ཡོངས་སུ་ཞིང་ལས་པུའི་ཆོག་མཆན་ཐོབ་པའི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་འབྲོག་ལས་ཐོན་རྫས་དང་པོར་གྱུར་པ་དང་། 2014ལོར་ལྗོངས་ཡོངས་ཀྱི་སྐྱེ་ལྡན་ཁས་ལེན་དཔང་འདོན་ཐོབ་པའི་འབྲོག་ལས་ཐོན་རྫས་འབའ་ཞིག་དེར་གྱུར་ནས་2024ལོར་ཞིང་ལས་དང་གྲོང་གསེབ་པུའི“ཞིང་ལས་སྤུས་རྟགས་རྩེར་སོན་སྐྱེད་སྲིང་འཆར་གཞིའི་མིང་ཐོའི”ནང་ཚུད་ཡོད། བོད་ནུབ་བྱང་རྒྱུད་ཀྱི་ཁུལ་ལྡན་ར་དཀར་པོ་ས་བབ་སྨི་4700ཡན་གྱི་མཐོ་གྲང་ཁོར་ཡུག་ཏུ་འཚོ་ཐུབ་པས་རྩྭ་ཆུ་འཛོམས་པོ་མེད་རུང་དེའི་ཁུ་ལུ་ནི་རྒྱལ་སྤྱིའི་རྩེར་སོན་ཁུ་ལུའི་རྒྱས་སྤྲོས་དངོས་རྫས་ཀྱི་ལེགས་འདེམས་རྒྱུ་ཆ་ཡིན་པ་སོགས་མིག་ལམ་དུ་མངོན་པའི་རྒྱུད་པ་16དེ་དག་ཚང་མ་ནི་ས་མཐོའི་ཐུན་མོང་མ་ཡིན་པའི་རྒྱུད་བཟང་ཕྱུགས་རིགས་ཁོ་ན་རེད།

    བྱ་དགའ་སྤྲོད་ཡུལ་དུ་འཁྲུག་ཆ་དོད་ཅིང་། བྱ་དགའ་ཐོབ་མཁན་གསོ་ཚགས་དུད་ཚང་ལ་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད། འབྲོག་ཁུལ་གྱི“ཐོན་སྐྱེད་ནུས་ཤུགས་ལ་མཁོ་བའི་ལག་རྟགས་ཆེན་པོ”སྟེ་ཝུའུ་ལིང་ཧུང་ཀོང་གི་ཟོག་འདྲེན་རླངས་འཁོར་ཆུང་གྲས་དང་། ཞིང་སྤྱོད་རླངས་འཁོར། འཁོར་གསུམ་གློ

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།